13689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོན་གཤིན་མདེལ་བར་ (1)
Part of speech མིང་ཚིག
Definition སྤར་ཁ་བརྒྱད་ལས་ལྷོ་ན་གནས་པའི་མེ་ཁམས་ལི་ལ་གསོན་གཤིན་མདེལ་བར་ཟེར་ཞིང་། ཁྱིམ་ཚང་གཅིག་གི་ནང་མི་ཕལ་ཆེ་བའི་བབས་སྤར་དེའི་སྟེང་དུ་བབས་ནས་སྤུངས་ན། རིམ་ནད་དང་མགོ་མིག་རོ་སྟོད་ན་ཞིང་ཁྱད་པར་དུ་བུ་མོ་དར་མར་ངན་པས། རིམ་གྲོར་ཚེ་མདོ་ཏོག་གཟུངས་ཀློག་པ་དང་ཟོར་མདོས་འཕེན་དགོས། དེ་མིན་ནང་མི་གཅིག་གི་བབས་སྤར་ལི་དང་གཞན་རྣམས་ཀྱི་བབས་སྤར་མཚམས་བཞིར་སྤུངས་ན་རང་ངམ་འཁོར་ལ་ཤི་ཁ་ཟུག་པས། རིམ་གྲོར་དུར་རྙིང་དབྱུང་བ་དང་། རུས་མདོས་གཏོང་བ། དུར་གསོལ་བྱེད་པ། ཚེ་མདོ་ཀློག་པ། བཙན་ཆོག་འདོན་པ་བཅས་བྱ་དགོས།
Domain རྩིས་རིག