13710
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང༌། ཤིང་ལྤགས་ཁམ་སྐྱ་གས་གྲུམ་ཅན། ཡལ་ག་མང་བ། ཡལ་ཕྲན་གསར་བ་ཁ་དོག་ལྗང་གུ་ལ་སྐུད་དབྱིབས་ཀྱི་ལོ་ཕྲན་ལྗང་སྨུག་མདུན་ངོས་འཇམ་ལ་འོད་དང་ལྡན་པ་རེས་མོས་སུ་སྐྱེ་བ་དང༌། མེ་ཏོག་ཞིབ་མོ་ཚོམ་བུར་སྤུངས་པའི་སྙེ་རྡོག་འཆར་ཞིང༌། ཤིང་རྒྱུ་སྲ་སྙི་རན་པ་ལ་ཁ་དོག་ཁམ་སེར་རམ་སྐྱ་གསོམ་སུལ་ཡོད་པ། ཞིབ་ཏུ་མ་དཔྱད་ན་ཨར་དམར་དང་འདྲ་བ་ཞིག་ཡོད་པ་བཅས། རྒྱ་གར་དང༌། རྒྱ་ནག་གི་སྐམ་ཤས་ཆེ་བའི་ས་ཁུལ་དང༌། བོད་ཀྱི་སྤོ་བོའི་ཡུལ་དང༌། མེ་ཏོག་རྫོང༌། མོན་ཡུལ་སོགས་སུ་སྐྱེ་བ་མང་བ་དང༌། སྟོན་དཔྱིད་གང་རུང་ལ་སྡོང་པོ་བཏུས་ནས་ཕྱི་ལྤགས་བཤུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཁྲག་དང་ཆུ་སེར་སྐེམ་ཟིང་མཛེ་ལ་ཕན། ཁྱད་པར་ཁྲག་གཟེར་འཇོམས་ཤིང་བྱང་ཁོག་དང༌། ཡན་ལག་ལྷུ་ཚིགས་ལ་བསགས་པའི་ཆུ་སེར་སོགས་ལ་ཕན་པ་ཡིན། |