13715

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོར་ལྡེམ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བར་སྤྱིར་བཏང་ཡལ་ག་མེད་པ། ལོ་མ་ལྗང་སེར་སྲབ་པ་སྒོང་དབྱིབས་འདྲ་ཞིང་ངར་པ་རིང་བ་ཆུའི་སྟེང་དུ་གཡེང་ནས་སྐྱེ་བ། མེ་ཏོག་དཀར་ཆུང་འདབ་མ་ལྔ་ལྡན་སེར་དམངས་ཅུང་ཡོད་པ་འཆར་ཞིང༌། འབྲས་བུ་ལྗང་ལ་རིལ་བ་ཐ་རམ་གྱི་འབྲས་བུ་འདྲ་བ་འདོགས་པ་བཅས། རང་ལྗོངས་ཀྱི་ས་ཁུལ་ཕལ་ཆེ་བའི་ཆུ་རྫིང་དང་འཁྱིལ་ཆུའི་ནང་དུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་ལོ་མ་བཏུས་ཏེ་གཙང་མ་བཟོས་ཐོག་སྔོ་ཆོལ་རྨ་ཕབ་རྗེས་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཟིང་འཇམ་པས་མེས་འཚིག་རྨ་དང༌། རྨར་ཚ་བ་རྒྱས་པ་སོགས་ལ་ཕན་པ་ཡིན།