From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསོལ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
དགེ་རྒན་དང་བླ་མ་སོགས་ལ་ཞུ་བ་བྱས་པའམ་བཤད་པའི་དོན་ཏེ།
|
| Example
|
དགེ་བའི་བཤེས་གཉེན་གྱི་སྙན་དུ་གསོལ་བ། ཡབ་ཡུམ་གཉིས་ལ་གསོལ་བ་ལྟ་བུ།
|
གསོལ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ཁ་ཟས་སོས་པའི་བྱ་བའི་མིང་སྟེ།
|
| Example
|
བཞེས་ལག་གསོལ་བ། གུང་ཚིགས་གསོལ་བ་ལྟ་བུ།
|
གསོལ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
འབུལ་བའམ་གོ་སར་བཞག་པའི་དོན་ཏེ།
|
| Example
|
རྒྱལ་པོར་མངའ་གསོལ་བ། གསེར་ཁྲིར་མངའ་གསོལ་བ་ལྟ་བུ།
|
གསོལ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
རྩམ་པ་བརྫིས་པའི་ཟན་རིགས་ཀྱི་མིང་།
|
| Example
|
གསོལ་བ་མཆོད་པ། གསོལ་བ་ཞུ་བ་ལྟ་བུ།
|
| Type
|
ཞེ་ས།
|