13733
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ལས་བརྒྱ་རྩ་གཅིག་ལས་གསོལ་གཉིས་ཀྱི་ལས་ཞེ་བདུན་ནི། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱ་བ་དང། དཀྱིལ་འཁོར་བའི་མཚམས་དང་མཚམས་ཆེན་པོ་དག་བཅད་པར་བྱ་བ་དང། མཚམས་ཆེན་བཅད་པའི་ནང་དུ་དགེ་སློང་རྣམས་ཆོས་གོས་གསུམ་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པ་དང། དགེ་སློང་སྨྱོས་ཤིང་སེམས་འཁྲུགས་པ་ལ་ལས་ལ་མི་མཐུན་པར་མི་འགྱུར་བའི་གནང་བ་སྦྱིན་པ་དང། དགག་དབྱེ་བྱེད་པ་བསྐོ་བ་དང། དབྱར་གནས་ཁས་ལེན་པ་རྣམས་ལ་གནས་མལ་སྟོབ་པ་བསྐོ་བ་དང། རུང་བའི་ཁང་པ་ལ་བློ་མཐུན་པར་བྱ་བ་དང། སྲ་རྐྱང་ལ་བློ་མཐུན་པར་བྱ་བ་དང། སྲ་རྐྱང་འདིང་བའི་དགེ་སློང་བསྐོ་བ་དང། སྤོང་བ་པའི་ཞལ་ཏ་བྱེད་པ་བསྐོ་བ་དང། ལག་གི་གླ་དང། ལག་དཔོན་བསྐོ་བ་དང། གནས་ཁང་བསྐོ་བ་ནས་མཛེས་ཆོས་པ་བསྐོ་བའི་བར་སྔར་བཤད་པ་(གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཚོས་འབྲིམ་པ་གཉིས། །ཕྲན་ཚེགས་འབྲིམ་པར་བྱེད་པ་དང་། །སྣོད་སྤྱད་སྒྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངགས་གཞུག་པ་དང་མཛེས་ཆོས་དང་། །གང་ཟག་བཅུ་དང་གཉིས་པོ་དག ། སྟོན་པས་ཡང་དག་བཤད་པ་ཡིན། །)བཅུ་གཉིས་པོ་གྲངས་རེ་རེེེར་བྱས་པ་དང། དགེ་འདུན་ལ་རྩོད་པ་བྱུང་བ་མངོན་སུམ་གྱིས་འདུལ་བའི་གཟུ་བོ་བསྐོ་བ་དང། དེེས་རྩོད་པ་མ་ཞི་ན་རྩོད་པ་ཞི་བར་བྱེད་པའི་གང་ཟག་གསལ་བ་དང། གསལ་བའི་ཡང་གསལ་བ་བསྐོ་བ་ནི། གྲངས་གཅིག་ཏུ་བགྲང་བ་དང། དེས་ཀྱང་མ་ཞི་ན་རྩོད་པ་སྦེད་པའི་གང་ཟག་བསྐོ་བ་དང། དགེ་འདུན་ལ་རྩོད་པ་བྱུང་བའི་ཚེ་ཚུལ་ཤིང་འབྲིམ་པ་བསྐོ་བ་དང། དགེ་སློང་གང་ཁང་པ་གཞི་རུང་བསྟན་པར་གསོལ་བ་ཁང་པའི་གཞི་རུང་བ་བསྟན་པ་སྦྱིན་པ་དང། དགེ་སློང་གང་གཙུག་ལག་ཁང་གི་གཞི་རུང་བསྟན་པ་གསོལ་བ་ལ་གཙུག་ལག་ཁང་གི་གཞི་རུང་བ་བསྟན་པ་སྦྱིན་པ་དང། དགེེ་སློང་ཁྱིམ་སུན་འབྱིན་པ་ལ་དགེ་སློང་གི་ཆོས་མིན་པ་རྣམ་པ་མང་པོས་གླེང་བའི་གང་ཟག་བསྐོ་བ་དང། རྒན་པོ་དང་ནད་པ་ལ་ཆོས་གོས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པ་དང། དགེ་སློང་ལག་གི་གླ་སྟེ་ཁང་པ་སོགས་ཀྱི་ལས་བྱེད་པ་ལ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པའི་གནང་བ་སྦྱིན་པ་དང། ལྷུང་བཟེད་འབྲེལ་མེད་འབྲིམ་པ་བསྐོ་བ་དང། མ་དད་པ་གོ་བར་བྱེད་པ་བསྐོ་བ་དང། དགེ་སློང་མའི་སྟོན་པ་བསྐོ་བ་དང། སོར་བཤགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར་ནགས་ཉུལ་བ་བསྐོ་བ་དང། དགེ་སློང་གནས་ནས་ཕྱུང་བ་ལ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་པའི་བསླབ་པ་སྦྱིན་པ་དང། དགེ་སློང་མ་འཁོར་སྐྱོང་ནུས་པ་དང། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ལ་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གྲངས་གཉིས་སུ་བྱ་བ་དང། དགེ་སློང་རྒན་པོ་དང་ན་བས་འཁར་བ་དང་དྲ་བ་གནང་བ་གསོལ་བ་ལ་དེ་དང་དེ་སྦྱིན་པ་གྲངས་སོ་སོར་བགྲང་བ་དང། གཙུག་ལག་ཁང་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བ་དང། དགེ་སློབ་མའི་བསླབ་པའི་སྡོམ་པ་སྦྱིན་པ་དང། བུད་མེད་བསྙེན་པར་རྫོགས་པའི་སྦྱོར་བའི་སྐབས་སུ་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་དང། དགེ་སློང་མ་བུ་དང་ལྷན་ཅིག་ཁྱིམ་ཅིག་ཏུ་ཉལ་བའི་གནང་བ་སྦྱིན་པ་དང། དགེ་སློང་མ་མུ་གེ་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་གནས་པའི་གནང་བ་སྦྱིན་པ་དང། དབྱར་གནས་ཀྱི་ནང་དུ་དགེ་འདུན་སྤྱིའི་དོན་ལ་མཚམས་ཀྱི་ཕྱི་རོལ་དུ་ཞག་བཞི་བཅུ་ཚུན་འགྲོ་བའི་གནང་བ་སྦྱིན་པ་སྟེ། བཞི་བཅུ་ཞེ་བདུན་པོ་དེ་ཀུན་གསོལ་བ་དང་གཉིས་ཀྱི་ལས་ལ་ལྟོས་ཤིང། གཉིས་ཀྱི་ལས་དེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ། |
Domain | ཆོས་ལུགས། |
{{#arraymap:གསོལ་བ་དང་གཉིས་ཀྱི་ལས་
|; |@@@ | | }}