13734

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོལ་བ་དང་བཞིའི་ལས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལས་བརྒྱ་རྩ་གཅིག་ལས་གསོལ་བཞིའི་ལས་སུམ་ཅུ་ནི། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱ་བ་དང། མུ་སྟེེགས་ཅན་རབ་ཏུ་འབྱུང་བར་འདོད་པ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་པ་སྦྱིན་པ་དང། དཀྱིལ་འཁོར་བ་མཚམས་ཆེན་པོའི་མཚམས་བཅད་པ་འགྲོལ་བ་དང། གནས་ནས་ཕྱུང་བ་བཟོད་པའི་ལས་བྱས་པ་ལ་མཐུན་པ་སྦྱིན་པ་དང། མཐུན་པ་སྦྱིན་པ་ལ་མཐུན་པའི་གསོ་སྦྱོང་སྦྱིན་པ་དང། བདུན་པོ་དང་ཞེས་པས་ནན་ཏུར་གྱི་ལས་བདུན་པོ་བསྡིགས། སྨད། བསྐྲད། ཕྱིར་འགྱེད། མ་མཐོང་བ་དང། ཕྱིར་མི་འཆོས་པ་དང། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་རྣམས་གསོལ་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་དང། གནས་ཕྱུང་དེ་དག་བཟོད་པ་བྱ་བ་ལ་གསོལ་བཞིའི་ལས་ཀྱིས་བཟོད་པར་གསོལ་བ་སྟེ། གནས་ཕྱུང་བདུན་གྱི་ལས་ནན་ཏུར་དུ་གཅིག་པས་གྲངས་གཅིག་དང། གསོ་སྦྱོང་བཞག་པ་དང། དགག་དབྱེ་བཞག་པ་དག་ལ་གསོལ་བཞིའི་ལས་བྱ་བ་ཡང་ནན་ཏུར་ལས་ལོགས་སུ་མི་བགྲང་ངོ་། །བཟོད་པ་གསོལ་བ་ནི་གྲངས་གཅིག་སྟེ། འདིར་ལས་གཉིས་སོ། །བརྒྱད་དང་ཞེས་པས་ལས་བརྒྱད་བསྟན་ཏེ། སྤོ་བ་དང། མགུ་བར་བྱ་བ་དང། གཞི་ནས་སྤོ་བ་དང། གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བླང་སྟེ་སྤོ་བ་དང། ཡང་གཞི་ནས་མགུ་བར་བྱ་བ་དང། དགེ་འདུན་ལྷག་མ་ལས་དབྱུང་བ་དང། སྲ་རྐྱང་དབྱུང་བའི་ལས་སྟེ། དེ་རྣམས་གྲངས་སོ་སོར་བྱས་པས་བརྒྱད། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་པ་སྦྱིན་པ་དང། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་པ་དང། ལྟུང་བ་གང་བྱུང་གསལ་བར་མི་དྲན་པ་དེའི་ངོ་བོ་ཉིད་འཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་འཚོལ་དུ་གཞུག་པ་སྦྱིན་པ་དང། དགེ་འདུན་དབྱེན་བྱེད་པ་དང། དེའི་རྗེས་སུ་ཕྱོགས་པ་དང། ཁྱིམ་སུན་འབྱིན་པ་དང། བཀའ་བློ་མི་བདེ་བ་དང། དགེ་སློང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང། དགེ་སློང་མ་དགེ་སློང་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པ་དང། དགེ་སློང་མ་དཀོན་མཆོག་གཏོང་བ་དང། དེ་འཐབ་དཀྲོལ་བྱེད་པ་དང། དེ་བདེ་ཞིང་གནས་པ་དང། དེ་བདེ་ཞིང་གནས་སུ་འཛུད་པ་སྟེ་བཅུ་པོ་རེ་རེ་ལ་ལྡོག་པར་བསྒོ་བའི་གསོལ་བཞིའི་ལས་རེ་རེ་སྟེ་བཅུ་དང། དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བ་དག་ལ་གསོལ་བཞིའི་ལས་བྱ་བ་དང། ཕམ་པ་འཆབ་མེད་བྱུང་བའི་ཉམས་པ་ལ་གསོལ་བཞིའི་ལས་ཀྱིས་བསླབ་པ་བྱིན་པ་སྟེ་ལས་སུམ་ཅུ་པོ་དེ་དག་ནི་གསོལ་བཞིའི་ལས་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།