13745
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོལ་བཞིའི་ལས་འབའ་ཞིག་སྐབས་འདིར་སྟོན་པའི་རྒྱུ་མཚན་ནི་གསོལ་བཞིའི་ལས་ལ་སྒྲོ་འདོགས་གསལ་བའི་ཆེད་དུ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་གསོལ་བཞིའི་ལས་འབའ་ཞིག་སྐབས་འདིར་སྟོན་པའི་རྒྱུ་མཚན་ཡོད་དེ། ལུང་མ་དག་པ་འགའ་ཞིག་ལ་བརྟེན་ནས་གསོལ་བཞིའི་ལས་མ་ཡིན་པ་ལ་གསོལ་བཞིའི་ལས་སུ་སྒྲོ་འདོགས་པ་ཡོད་པས་དེ་གསལ་བའི་ཕྱིར་དུ་གསོལ་བཞིའི་ལས་སུམ་ཅུའི་གྲངས་ངེས་སྐབས་འདིར་གསུངས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |