13764
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། དྲང་སྲོང་ཕོ་མོའི་ཁ་ཟས་རུང་བའི་ཤ་ལྔ་སྟེ། ཤི་ཤ།ཉོས་ཤ ཤ་མ། ཤ་མོང་། ཤ་བལ་དང་ལྔ་སྟེ། ཀུན་འབྱུང་ལས། དྲང་སྲོང་ཕོ་མོའི་གསོལ་ཤ་ལྔ། དུས་ཟད་ཤི་ཤ་ཞག་གྲངས་ལོན། ཚོང་དུས་ཁ་འཁོར་ཉོས་ཤ་དང་། བུ་སྐྱེས་ཤ་རོ་ཤ་མ་དང་། ས་ཤ་སྤང་གི་ཤ་མོང་དང་། ཆུ་ཤ་ཆུ་ཡི་ཤ་བལ་ལྔ། རི་རྔད་འདྲ་བས་དུས་མ་ཡིན་གསོལ། མི་འགལ་ཚུལ་ཁྲིམས་སྡོམ་པ་གནས། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |