13862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གི་ཝང་ (1)
Part of speech མིང་ཚིག
Definition མི་དང༌། གླང་ཆེན། བ་ལང་དང་འབྲི་གཡག་མཛོ་དང་མཛོ་མོ་སོགས་ཀྱི་མཁྲིས་པར་ནད་བྱུང་ནས་མཁྲིས་ཁུ་རྡོག་པོར་ཆགས་པའི་སྨན་མཆོག་ཅིག་ཡིན་ཞིང་། མདོག་སེར་ལ་རོ་ཁ་ཞིང་དུག་ཅུང་ཟད་ཡོད་པ་ཞིག་ཡིན། དེས་ཚ་སེལ་བ་དང་སྙིང་གི་ནུས་པ་བསྐྱེད་ཅིང་། སྨྱོ་འབོག་སོགས་ལ་ཕན། མིང་གི་རྣམ་གྲངས་སམ་འདིའི་འབྲི་སྲོལ་ལ། བོད་ཡིག་ཏུ་ཡི་གེ་འདི་ལ་གི་ཝཾ། གི་ཝང། གི་ཧཾ། གྷི་ཝཾ། གྷི་ཝང་། འགིའུ་ཝང་སོགས་མི་འདྲ་བའི་འབྲི་རྒྱུན་ཡོད་ཀྱང་ལེགས་སྦྱར་གྱི་སྐད་ཉིད་དོ། །ཞེས་ཚེ་ཏན་ཞབས་དྲུང་གིས་མཛད་པའི་ཐོན་མིའི་དགོངས་རྒྱན་དུ་གསུངས་ལ། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོའི་ནང་དུ། རྒྱ་ནག་སྐད་ཀྱི་གྷིའུ་དབང་ཞེས་པ་ཟུར་ཆག་པ་སྟེ། བོད་སྐད་དུ་བསྒྱུར་ན་གྷིའུ་བ་ལང་དང༌། དབང་བཅུད་ལ་འཇུག་པས་བ་ལང་བཅུད་ཅེས་པའི་དོན་ནོ་ཞེས་འབྱུང་།
Foreign ཟུར་ཆག