From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གིས་ (1)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་པའམ་བྱེད་པ་པོ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ག་དང་ང་གཉིས་ཀྱི་རྗེས་སུ་གིས་སྦྱོར་དགོས།
|
| Keyword
|
True
|
| Example
|
བདག་གིས་ཞུས། ཁོང་གིས་ཞལ་བཞེས་གནང་ལྟ་བུ།
|
གིས་ (2)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་པ་པོ་དངོས་མིན་ཡང་ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཀྱི་དངོས་པོ་དག་གིས་བྱ་བ་གང་ཞིག་བྱེད་པ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ག་དང་ང་གཉིས་ཀྱི་རྗེས་སུ་གིས་སྦྱོར་དགོས།
|
| Keyword
|
True
|
| Example
|
།རླུང་གིས་སྡོང་པོ་བསློགས་ལྟ་བུ།
|
གིས་ (3)
| Part of speech
|
ཕྲད་ཚིག
|
| Definition
|
བྱ་བའི་ཁྱད་པར་གསལ་བྱེད་ལ་འཇུག་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ག་དང་ང་གཉིས་ཀྱི་རྗེས་སུ་གིས་སྦྱོར་དགོས།
|
| Keyword
|
True
|
| Example
|
ངང་གིས་འགྲིབ་ལྟ་བུ།
|
གིས་ (4)
| Part of speech
|
ཕྲད་ཚིག
|
| Definition
|
ཚད་སྟོན་བྱེད་ཀྱི་ཕྲད་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ག་དང་ང་གཉིས་ཀྱི་རྗེས་སུ་གིས་སྦྱོར་དགོས།
|
| Keyword
|
True
|
| Example
|
ཁྲུ་གང་གིས་མཐོ་ལྟ་བུ།
|