13897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་གུལ་ (1)
Part of speech མིང་ཚིག
Definition ལེགས་སྦྱར་གྱི་གུགྒུལ་ཞེས་པ་ཟུར་ཆག་པ་སྟེ། བོད་སྐད་དུ་བསྒྱུར་ན་གདོན་འཇོམས་ཏེ། ལོ་མང་སྐྱེ་བའི་སྡོང་རིང་ཤིང་ལས་འབྱུང་བའི་ཤིང་སྨན་ཐང་ཆུའི་རིགས་ཤིག། སྡོང་པོ་ཅུང་སྦོམ་པ་རིང་ཞིང་འདྲོང་ལ་མཁྲེགས་ཉམས་ལྡན་པའི་ཕྱི་འཇམ་ལ་ནག་པ་དང་ཡལ་ག་ནས་ཡལ་ག་གྱེས་ཏེ་སྟར་ཀའི་དབྱིབས་དང་མཚུངས། ལོ་མ་སྔོ་ལྗང་འཇམ་ལ་མཐུག་ཅིང་ཆེ་བ་སྒོར་དབྱིབས་ཀྱི་རྩེ་རྣོ་ལ་རྒྱབ་སྐྱ་ཞིང་མཐའ་མཉམ་ལ་ཞེང་ཆེ་བ། ངར་བ་ཐུང་ལ་སྡོང་པོ་དང་ཡལ་ག་རྣམས་ལས་རེས་མོས་སུ་སྐྱེ། ལོ་མའི་རྩ་རིས་གཞུང་རྒྱུག་དང་འཕྲེད་རྒྱུག་གསལ་པར་མངོན་པ། མེ་ཏོག་དཀར་ལ་ཆུང་བ་འདབ་མ་ལྔ་ལྡན་བརྩེགས་པའི་མེ་ཏོག་བང་རིལ་ལོ་མའི་མཚམས་ནས་འཆར་བ། རིགས་གཞན་ཞིག་གི་སྡོང་པོ་དང་ལོ་མ་སོགས་ཀྱི་དབྱིབས་སྔ་མ་ཇི་བཞིན་ལ་ལོ་མའི་དབྱིབས་ཅུང་ཟད་སྒོར་བ་དང་རྒྱབ་མདུན་གཉིས་ཀ་ལྗང་སྐྱ་ལས་གཞན་གྱི་དབྱེ་བ་ཆེར་མི་མངོན་ནོ། འདིའི་སྐྱེ་ཚུལ་སོགས་དངོས་སུ་མཐོང་དཀའ་རུང་སྨན་དུ་སྦྱར་བྱ་ནི་དབྱིབས་དང་ཆེ་ཆུང་ངེས་མེད་རྡོག་པོར་བསྒོངས་པ་བརླན་ཞིང་འབྱར་བག་དང་སྣུམ་ཉམས་ལྡན་པ། ཁ་དོག་ཁམ་སེར་ཅུང་དྭངས་ཤིང་འགའ་ཞིག་ལ་ལྗང་ཞད་ཡོད་པ་ཆུ་སེར་སྐམ་པོ་འདྲ་བ། སྐྱ་ལ་སྲབ་པའི་ཤིང་ལྤགས་ཅུང་ཟད་འདྲེས་ཡོད་པ། ཁར་མྱང་ན་རོ་ཅུང་ཟད་ཁ་བ་དང༌། ཐང་ཆུའི་དྲི་ལྡན་པ། ཆུ་བསྐོལ་ནང་སྦངས་ན་བཞུར་ནས་འོ་མ་ལྟར་འབྱུང་བ། མེར་བསྲེགས་ན་དམིགས་བསལ་གྱི་དྲི་ཞིམ་བྲོ་བ་སོགས་སྨན་དུ་སྦངས་ནས་ཁུ་བ་དར་ཚགས་སུ་དྲངས་ཏེ་རིལ་བུ་བྱ་དགོས་ཏེ། རྒྱ་གར་དང༌། བྷངྒ་ལ་སོགས་ལྷོ་ཕྱོགས་ཚ་བ་ཆེ་བའི་ས་ཁུལ་དུ་སྐྱེ་བ། ཚི་བ་དེ་ཉིད་བོད་ཟླ་གསུམ་པའམ་བརྒྱད་པའི་ནང་བསགས་ཏེ་ས་རྡོ་སོགས་དངོས་པོ་གཞན་ཁུ་བ་དར་ཚགས་ལ་དྲངས་ཏེ་དྭངས་མ་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བས་གག་ལྷོག་གི་ནད་དང༌། གཉན་ཚད་རྒྱས་པ། མཛེ་ནད། གཟའ་ནད། གཉན་རིམས་སོགས་ལ་ཕན་པའི་སྨན་བཟང་པོ་ཞིག་ཡིན།
Foreign ཟུར་ཆག