13899

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་གེ་ (1)
Part of speech མིང་ཚིག
Definition གུ་གེ་རྒྱལ་རབས་ཆགས་ཡུལ་གྱི་ས་གནས་ཡིན་ལ། མངའ་རིས་ས་ཁུལ་གྱི་ཧ་ཅང་གལ་ཆེའི་གནའ་རབས་འཛུགས་སྐྲུན་གྱི་ཆགས་ཤུལ་གྲས་ཤིག་ཀྱང་ཡིན། གནའ་རབས་ཀྱི་མིང་རྙིང་པར་ཞང་ཞུང་ཟེར་ཞིང༌། བོད་ཀྱི་བཙན་པོའི་རྒྱལ་རབས་མ་ཚུགས་གོང་གི་ཞང་ཞུང་རྒྱལ་རབས་ཀྱང་ས་གནས་འདིར་ཆགས་པ་ཡིན། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྙིང་པའི་ནང་ཡང་ཐུང་ཞེས་འཁོད། མངའ་རིས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང༌། ནུབ་དང༌། ལྷོ། བྱང་ངོས་བཅས་རྒྱ་གར་དང་ཀསྨྲི་དང་ས་འབྲེལ་ཡིན་པ་དང༌། ཤར་དང་ལྷོ་ངོས་སྒར་རྫོང་དང༌། སྤུ་ཧྲེང་དང་འབྲེལ་ཡོད།
གུ་གེ་ (2)
Part of speech མིང་ཚིག
Definition ཤིང་ལྕུག་ཆུང་བ།
གུ་གེ་ (3)
Part of speech མིང་ཚིག
Definition ཞང་སྐད། ཡི་གེ