13937

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཕུ་མ་ཎི་བ་སྐུ་ཕྲེང་བརྒྱད་པ་མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition གུ་ཕུ་མ་ཎི་བ་བརྒྱད་པ་མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་མཆོག་ནི། སྡེ་དགེ་འདུས་གྲྭ་ཞེས་པར། ཡབ་དཔལ་ལྡན་དང་ཡུམ་གྲོ་མའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ ༡༨༩༢ ལོར་འཁྲུངས། ཡོངས་འཛིན་དྲུག་པས་ངོས་འཛིན་མཛད། དགུང་ལོ་དྲུག་པར་གདན་སར་ཁྲིར་གསོལ་དང་། མདོ་ཁམས་དྲུག་པ་བསྟན་པའི་ཉི་མའི་མདུན་ནས་དབང་ཆོས་དང་། རྗེ་ཤཱཀྱ་ཤྲཱི་ལས་གདམས་ངག་གསན། ཉམས་རྟོགས་སྐྱེས། གསང་ཡུམ་བཞེས་པས་དགོན་པ་ནས་བྱོལ་དགོས་བྱུང་ཡང༌། ཡི་དམ་བསྙེན་ཚད་མཐར་འཁྱོལ་བས་མཐུ་རྩལ་ཤིན་ཏུ་ཆེ་བར་གྲགས་པའི་ལོ་རྒྱུས་མང༌། རེ་ལྔ་པ་མེ་སྤྲེལ་ ༡༩༥༦ ལོར་གཤེགས་སོ། །