13959
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་རིང་ལ་རྩ་རྩེ་ཕྲ་སྦོམ་སྙོམས་པ། རྩེ་མོར་ཡལ་ག་བདུན་བརྒྱད་ཙམ་གདུགས་རྩིབ་ལྟར་གྱེས་པ་ལས་དེ་མིན་སྡོང་པོའི་ངོས་སུ་ཡལ་ག་མེད་པ། ཡལ་གའི་རྩེ་ནས་ལོ་མ་སྔོ་ལྗང་ཤིན་ཏུ་རིང་བ་ཟུར་གསུམ་གྱི་རྣམ་པ་ཅན་གཡས་གཡོན་དུ་རྒྱས་པ། ངར་པ་རིང་ལ་མཐའ་མཉམ་པ་རེས་མོས་ཀྱིས་སྡོང་པོའི་རྩེར་གདུགས་དབྱིབས་ལྟར་སྐྱེས་ཡོད། ཡལ་གའི་མཆན་ཁུང་ནས་མེ་ཏོག་སྐྱེ་བའི་ཡལ་ཕྲན་ལས་སྙེ་མ་འདྲ་བའི་མེ་ཏོག་སེར་སྐྱའམ་རུག་སྒོག་གི་ཤུན་པ་ལྟ་བུ་ཕྱི་ནང་གི་བང་རིམ་བཅས་པའི་ནང་བཏུམ་ཞིང༌། རྩེ་མོ་ཐུར་དུ་བསྟན་ནས་སྐྱེ་བ། འབྲས་བུ་སྲ་ལ་མཁྲེགས་པ་གདུགས་ཏོག་གམ་སྙིང་གི་དབྱིབས་འདྲ་བ། མདོག་ཁམ་སྐྱ་ཕྱིར་རྩ་རིས་སམ་གཉེར་འབྲུམ་དོད་པ་བཅས། རྒྱ་ནག་ཀོང་ཏུང་དང༌། ཡུན་ནན། ཧྥུ་ཅན་སོགས་དང༌། དེ་མིན་རྒྱ་གར་དང༌། བལ་ཡུལ། འབར་མ་སོགས་སུ་སྐྱེ་བ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་ཕྱིའི་སྐྱི་ལྤགས་དང་རྩ་རྒྱུས་རྣམས་དོར་ནས་ནང་འབྲས་ཉི་མར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁལ་མའི་ནད་ཀྱིས་ས་བོན་ཆུ་དང་བསྡོངས་པ་དང༌། དུས་མིན་དུ་དཀར་དམར་འཛག་པ། ངན་ཁྲག་སྟོད་སྨད་བར་གསུམ་དུ་ཁྱབ་སྟེ་སོ་སྙིལ་ཆད་པ་སོགས་ལ་ཕན་པ་དང༌། དེ་མིན་རྒྱུ་མའི་སྲིན་འབུ་གསོད་པ་དང༌། སོ་རྩི་ལ་ཕན་པ་ཡིན། |