13974
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྒྲུང་དང་ཟློས་གར། བོན་གཞུང༌། གསང་སྔགས་གསར་རྙིང་སོགས་ལེགས་པར་སྦྱངས། བཅུ་བཞི་ནས་བཅུ་དྲུག་བར་ཚད་མ་དང་། ཕར་ཕྱིན། དབུ་མ། སྤྱོད་འཇུག ཕྱག་ཆེན། ཞི་བྱེད། རྫོགས་ཆེན་ལ་སོགས་པར་གསན་བསམ་མཛད། བཅུ་བདུན་པར་ཉང་ཉི་མ་འོད་ཟེར་གྱི་སྲས་འགྲོ་མགོན་དང་མཇལ་ནས་གཏེར་ཆོས་མཐའ་དག་གསན། ཉེར་གཉིས་པར་ལྷོ་བྲག་གནམ་སྐས་བྲག་ནས་གདམས་སྐོར་བཞི་དང༌། མན་ངག་བརྒྱ་རྩ་བརྒྱ་སོགས་གཏེར་འདོན་མཛད། བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་གཏེར་ཁ་བཅོ་བརྒྱད་ཀྱི་བདག་པོར་གྱུར། རྙིང་མའི་གཏེར་སྟོན་འོག་མ་པ་ཞེས་གྲགས། སློབ་མ་སྐལ་ལྡན་མང་པོར་སོ་སོའི་སྐལ་བ་དང་འཚམས་པའི་ཆོས་དང་མན་ངག་གནང༌། ཉམས་རྟོགས་འཕྲལ་འཕྲལ་དུ་སྐྱེས། གཙང་གི་ཚོང་འདུས་མགུར་མོའི་ལྷ་ཁང་དང༌། བསམ་འགྲུབ་བདེ་ཆེན་གྱི་ལྷ་ཁང༌། ལྷོ་ལ་ཡག་གུ་རུ་ལྷ་ཁང་བཅས་གསར་བཞེངས་གནང་། རབ་བྱུང་ལྔ་པའི་ཆུ་བྱ་ཕྱི་ལོ་ ༡༢༧༣ ལོར་སྐུ་གཤེགས། |
Domain | ལོ་རྒྱུས། |
{{#arraymap:གུ་རུ་ཆོས་ཀྱི་དབང་ཕྱུག་
|; |@@@ | | }}