13983

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་རུ་དྲག་པོ་ཐུགས་ཀྱིས་ཧཱུྃ་བསྒྲུབ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གུ་རུ་དྲག་པོ་ཐུགས་ཀྱིས་ཧཱུྃ་བསྒྲུབ། ཅེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཐུགས་བཅུད་གསང་བ་བླ་མེད་འདི༔ མན་ངག་རྒྱ་མཚོའི་རྡོ་འབྱུང་སྟེ༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦསཿ པདྨ་ང་ཡིས་སྨོན་ཅན་ནས༔ མ་འོངས་བསྟན་པའི་སྙིགས་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པའམ་སྤྲུལ་སྐུ་འགྲོ་འདུལ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ། །འདིའི་ནང་དོན་ནི། སྔོན་འགྲོར་ས་ཕྱོགས་དབེན་ཞིང་ཉམས་དགའ་བའི་གནས་སུ་སྨན་རཀྟ་སོགས་མཆོད་རྫས་རྣམས་གཞུང་བཞིན་བཤམས་ནས་སྐྱབས་འགྲོ་ནས་བརྩམས་ཡན་ལག་བདུན་པ་ལས་བྱང་ལྟར་བྱ་ཞིང་། དངོས་གཞིར་ལྷ་བསྐྱེད་པ་དང་། འཛབ་བཟླས། ཉམས་རྟོགས་སྤར་བ། རྗེས་ཕྲིན་ལས་རྣམ་བཞི་འགྲུབ་པ་བཅས་ཀྱི་སྒོ་ནས་གུ་རུའི་ཐུགས་ཀྱི་བཅུད་གསང་བ་བླ་མེད་ཀྱི་མན་ངག་ཧཱུྃ་བསྒྲུབ་པའོ། །

{{#arraymap:གུ་རུ་དྲག་པོ་ཐུགས་ཀྱིས་ཧཱུྃ་བསྒྲུབ་

|; |@@@ | | }}