13986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གུ་རུ་དྲག་པོའི་གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་དྲིལ་སྒྲུབ། ཅེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་ཕྱིར་དྲག་པོ་ཡི༔ གཏེར་གྱི་སྲུང་མར་བསྐོས་ནས་ཀྱང༔ དཔལ་གྱི་ཕུག་རིང་ཨ་ཐམ་རྒྱ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཆོས་བདག་བུ་དང་ཕྲད་ནས་ཀྱང༔ བསྟན་པ་དར་རྒྱས་འཕེལ་བར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་དྲིལ་སྒྲུབ་བསྟན། |