13987

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་རུ་དྲག་པོའི་གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ (1)
Part of speech མིང་ཚིག
Definition གུ་རུ་དྲག་པོའི་གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གུ་རུ་དྲག་པོའི་གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ཞེས་བྱ་བ༔ མཁར་ཆེན་བཟས་གུ་རུའི་གསུང་བཞིན༔ ལ་ཡག་མོན་མཁར་སྟེང་ནས་ལྷོ་བྲག་མཁར་ཆུར་ཕེབས་ཚེ་བཀོད་པའོ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་མེ་ཕོ་བྱི་བའི་ལོ། ཆོ་འཕྲུལ་ཡོས་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་གཏེར་ནས་དྲངས། འདིའི་ནང་དོན་ལ། སྙིགས་དུས་འགྲོ་བའི་དོན་དུ་སྔོན་འགྲོ་དཀྱིལ་འཁོར་བྲི་བ་ལ་སོགས་པ་ཕྱི་ནང་གི་མཆོད་རྫས་རྣམས་ལེགས་པར་བཤམས་ནས། དངོས་གཞི་སྐྱབས་འགྲོ་སེམས་བསྐྱེད་མཚམས་གཅོད་ལ་སོགས་ལས་བྱང་གི་རིམ་པ་ལྟར་བྱ་ཤིང་། རྗེས་གསོལ་བ་འདེབས་པ་དང་། དབང་ལེན་པ་སོགས་ཀྱི་སྒོ་ནས་གསང་བ་བསྒྲུབ་པའི་ཡང་སྙིང་བསྟན།

{{#arraymap:གུ་རུ་དྲག་པོའི་གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་

|; |@@@ | | }}