13989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་རུ་དྲག་པོའི་དབང་ཆེན་མོ་རྡོ་རྗེ་ཕྲེང་བ་དྲེགས་པའི་སྲོག་ཐིག་དམར་ནག་ཟས་གཉན་བཀའ་རྒྱ་མ་ (1)
Part of speech མིང་ཚིག
Definition གུ་རུ་དྲག་པོའི་དབང་ཆེན་མོ་རྡོ་རྗེ་ཕྲེང་བ་དྲེགས་པའི་སྲོག་ཐིག་དམར་ནག་ཟས་གཉན་བཀའ་རྒྱ་མ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གུ་རུ་དྲག་པོའི་དབང་ཆོག་རྡོ་རྗེའི་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག་ཞེས་བྱ་བ༔ སློབ་དཔོན་གྱི་གསུང་བཞིན་བདག་འདྲ་ཡུན་གྱི་གཟུང་མ་མཚོ་རྒྱལ་གྱིས་སྐྱེན་པར་བཤུས་ཏེ་ལྷོ་བྲག་མཁར་ཆུའི་གཟིམ་ཁང་རྟ་རྒྱུན་མར་བྲིས་པས་ཤིན་ཏུ་གསང་བའི་བཀའ་རྒྱ་ཅན༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་བྱི་བའི་ལོ་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། ཐུགས་སྒྲུབ་དྲག་པོའི་སྐོར་འདི་ལ་དབང་གི་རིམ་པ་རྒྱས་བསྡུས་གཉིས་ལས། དབང་ཆོག་རྒྱས་པ་ཇི་ལྟར་བསྐུར་བའི་རིམ་པ་བསྟན།