13993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ་ (1)
Part of speech མིང་ཚིག
Definition གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཀྱེ་མ་དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་དུས༔ སངས་རྒྱས་བསྟན་པ་དར་ལ་མ་སྨིན་པས༔ གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་མི་མེད༔ ད་ལྟའི་དུས་ན་རྒྱ་འགྱུར་མ་འཆུགས་པ༔ པདྨའི་ཐུགས་གཏེར་ཡིན་གྱི་ཉམས་སུ་ལོངས༔ སྐལ་ལྡན་ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ གསང་སྔགས་མི་ནུབ་བསྟན་པ་མཐའ་རྒྱས་ཤོག༔ མཁར་ཆུ་དཔལ་གྱི་ཕུག་རིང་ཨ་ཐམ་རྒྱ༔ ཞེས་པའི་ལུང་བསྟན་ལྟར། གཏེར་ཆེན་རཏྣ་གླིང་པས་བྱི་བའི་ལོ་ལ་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། ལོ་བཅུ་བཀའ་རྒྱ་བསྡམས་ནས་བྱའི་ལོ་ལ་ས་བདག་རྒྱལ་པོའི་ཕོ་བྲང་སྣེ་གདོང་དུ་ཤོག་སེར་ཞེང་འཁྱུད་གང་། དཀྱུས་སུ་མཐོ་གསུམ་པ་གཅིག་ལ་ཞལ་བཤུས་པའི་ཡི་གེ་པ་ནི་རྗེ་ཉིད་ཀྱི་སྲས་དག་ཆེན་བཟང་པོས་བགྱིས་པའོ། །ཞེས་གསལ། འདིའི་ནང་དོན་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་དྲག་སྒྲུབ་ཐམས་ཅད་ཀྱི་ཡང་སྙིང་ཐུགས་ཀྱི་ཏི་ཀ་གསང་བའི་ཡང་ཞུན་ཉམས་སུ་ལེན་པའི་རིམ་པ་བསྟན།

{{#arraymap:གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ་

|; |@@@ | | }}