14004

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་རུ་རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་གསལ་བའི་སྒྲོན་མེ་ (1)
Part of speech མིང་ཚིག
Definition གུ་རུ་རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་གསལ་བའི་སྒྲོན་མེ་ཞེས་པ་འདི། གཞུང་འདིའི་མཛད་བྱང་དུ་གསལ་བ་ལྟར། གཏེར་ཆེན་རཏྣ་གླིང་པའམ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིན་ཆེན་དཔལ་བཟང་པོས་སྤྲེའུའི་ལོ་སྤྲེལ་ཟླའི་ཡར་ཚེས་ལ། ལྷོ་ཕྱོགས་གངས་རིའི་ངོགས་ཆོས་རྫོང་དགོན་པར་མཛད་པ་ལགས་ཤིང་། འདིའི་ནང་དོན་ལ། སྤྱི་དོན་དང་པོར་སྟོན་པ་སྐུ་གསུམ་གྱི་ཐུགས་ལ་ཇི་ལྟར་གབ་སྦས་སུ་བཞུགས་པ་སོགས་ཀྱི་སྐོར་བསྟན་པ་དང་། སྤྱི་དོན་གཉིས་པར་བཀའ་གཏེར་གྱི་རྒྱུད་རྣམས་བཏོན་ཚུལ་བཤད་པ་དང་། སྤྱི་དོན་གསུམ་པར་གསང་སྔགས་རྙིང་མ་དང་གསར་མའི་ཡུལ་ནོར་རྫས་གཏེར་འབྱུུང་ལུང་བསྟན་པ་དང་། སྤྱི་དོན་བཞི་པར་གཏེར་ཆེན་རཏྣ་གླིང་པས་ཟབ་མོའི་གཏེར་ཁ་ཞལ་ཕྱེ་བའི་རྣམ་ཐར་གྱི་ངོ་མཚར་བ་ལེའུ་ཉེར་གཅིག་གི་སྒོ་ནས་བསྟན་པ་དང་། སྤྱི་དོན་ལྔ་པར་གཏེར་ཆོས་ཟབ་ཅིང་ཁུངས་བཙུན་པར་ལུང་གིས་ཐེ་ཚོམ་བཅད་པ་སོགས་ཀྱི་སྐོར་བསྟན་པ་བཅས་སྤྱི་དོན་གྱི་ཆིངས་ལྔའི་སྒོ་ནས་བསྟན།

{{#arraymap:གུ་རུ་རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་གསལ་བའི་སྒྲོན་མེ་

|; |@@@ | | }}