14038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཤྲཱི་ཀུན་དགའ་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་ས་སྐྱར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་མ་གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་ཡབ་མེས་ཀྱི་ཆོས་དང་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན། གདམས་ངག་ཐམས་ཅད་ཀྱི་བདག་པོར་གྱུར། འགྲོ་མགོན་འཕགས་པའི་བཞུགས་ཁྲིའི་སྟེང་ནས་ཆོས་ཡང་ཡང་གསུངས་པས་མཚན་སྙན་ཆེ། ཡོན་རྒྱལ་རབས་ཀྱི་གོང་མ་གེ་གེན་གྱིས་ཕོ་བྲང་ཆེན་པོར་གདན་དྲངས། རྒྱལ་བློན་འཁོར་དང་བཅས་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། ཏཱ་དབེན་གུ་ཤྲཱིའི་ཆོ་ལོ་དང་ཤེལ་དམ་ཆེ་བ་ཐོ་ཤུ་བཅས་ཕུལ། བཅུ་བཞི་པ་རབ་བྱུང་ལྔ་པའི་ཆུ་ཁྱི་ཕྱི་ལོ་ ༡༣༢༢ ལོར་ཡོན་གོང་མའི་ཕོ་བྲང་དུ་སྐུ་གཤེགས།

{{#arraymap:གུ་ཤྲཱི་ཀུན་དགའ་ཉི་མ་

|; |@@@ | | }}