14042
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དྲུག་པའི་མེ་རྟ་ཕྱི་ལོ་ ༡༣༦༦ ལོར་ས་སྐྱའི་གཞི་ཐོག་བླ་བྲང་དུ་ཡབ་ཏཱ་དབེན་ཀུན་དགའ་རིན་ཆེན་དང་། ཡུམ་མ་གཅིག་ནམ་པ་གཉིས་ཀྱི་སྲས་སུ་འཁྲུངས། ཆོས་རྗེ་བླ་མ་དམ་པ་ལས་རབ་ཏུ་བྱུང་། ཡབ་མེས་ཀྱི་ཆོས་རྣམས་ལ་སྦྱངས་པ་རྒྱ་ཆེར་མཛད། ཆོས་དུང་དཀར་པོ་རྒྱང་གྲགས་སུ་གྲགས་པ་དེ་བུས་ནས་ཚོགས་ཆེན་པོར་ཆོས་ཀྱི་དགའ་སྟོན་མང་དུ་མཛད། མདོ་སྔགས་ཀྱི་བསྟན་བཅོས་རྣམས་ལ་ནང་བྱན་ཚུད་པར་མཛད། གཞི་ཐོག་བླ་བྲང་གི་གདན་སར་བཞུགས། ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། གོང་མ་ཏཱ་མིང་རྒྱལ་པོས་གུ་ཤྲཱིའི་ཆོ་ལོ་ཕུལ། གདན་ས་ཆེན་པོའི་བཀའ་བགྲོས་པ་གཙོ་བོ་ཡིན། ང་ལྔ་པ་རབ་བྱུང་བདུན་པའི་ལྕགས་བྱི་ཕྱི་ལོ་ ༡༤༢༠ ལོར་སྐུ་གཤེགས། །ས་སྐྱའི་གཞི་ཐོག་བླ་བྲང་གི་གདན་རབས་གསུམ་པ་ཡིན། སྟག་ཚང་ལོ་ཙཱ་བས་དགུང་ལོ་ལྔ་བཅུ་ལས་མ་བཞུགས་གསུངས། |
{{#arraymap:གུ་ཤྲཱི་བློ་གྲོས་རྒྱལ་མཚན་
|; |@@@ | | }}