14044
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དྲུག་པའི་ས་ཕག་ཕྱི་ལོ་ ༡༣༥༩ ལོར་གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང་། ཡུམ་རིན་ཆེན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུ་པ་མེ་ལུག་ ༡༣༦༧ ལོར་མཁན་ཆེན་གཞོན་ནུ་དབང་ཕྱུག་དང༌། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། བཅུ་པར་རྩེད་ཐང་དུ་བྱོན། ལོ་ལྔའི་རིང་དུ་གདན་ས་མཛད། ལོ་ཆེན་བྱང་ཆུབ་རྩེ་མོ་དང་། མཁན་ཆེན་གཞོན་ནུ་དབང་པོ་དང་། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་རྣམས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སྣེའུ་གདོང་རྩེའི་གོ་ས་བཟུང་། ལོ་ལྔའི་རིང་ཆབ་སྲིད་བསྐྱངས། ཉེར་བརྒྱད་པར་མཐིལ་གྱི་གདན་སར་ཕེབས། སྤྱན་སྔ་ལོ་བཅུ་དགུའི་རིང་མཛད། མཚོ་དཀར་བ་ལས་ཕྱག་ཆེན་གྱི་ཁྲིད་སོགས་མང་དུ་གསན། ཐུགས་དམ་ཁྱད་པར་ཅན་འཁྲུངས། ལྔ་བཅུ་པ་རབ་བྱུང་བདུན་པའི་ས་བྱི་ ༡༤༠༨ ལོར་སྐུ་གཤེགས། ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་ཡིན། ཏཱ་མིང་གོང་མ་ཧུང་ཝུ་རྒྱལ་པོས་ཀྭ་དིན་གུ་ཤྲཱིའི་གོ་གནས་ཕུལ། ཕག་གྲུའི་གདན་རབས་བཅུ་གཅིག་པ་ཡིན། |
{{#arraymap:གུ་ཤྲཱི་བསོད་ནམས་གྲགས་པ་
|; |@@@ | | }}