From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གུང་ (1)
| Part of speech
|
མིང་ཚིག
|
| Definition
|
ཉིན་མོ་དང་མཚན་མོའི་ཆུ་ཚོད་བཅུ་གཉིས་གཡས་གཡོན་གྱི་དུས་ཏེ།
|
| Example
|
ཉིན་གུང་ངལ་གསོ། མཚན་གུང་ལ་ཉལ་ལྟ་བུ།
|
གུང་ (2)
| Part of speech
|
མིང་ཚིག
|
| Definition
|
སྔ་རྗེས་ཀྱི་རིམ་པའི་མིང་སྟེ།
|
| Example
|
མི་ཚོགས་གུང་བསྒྲིགས། སྔ་ཕྱིའི་སྐད་ཆ་རྣམས་གུང་བསྒྲིགས་ནས་དཔྱད་ལྟ་བུ།
|
གུང་ (3)
| Part of speech
|
མིང་ཚིག
|
| Definition
|
སྟག་དང་དབྱིབས་ཆ་ཙམ་འདྲ་ཞིང་། རི་མོ་ནག་ཁྲ་ནར་མོ་དང་སྒོར་ཐིག་གཉིས་འདྲེས་པ་ཞིག་སྟེ། གཅན་གཟན་རབ་འབྲིང་གི་དབྱེ་བ་འབྲིང་ཙམ་ཡིན་པས་གུང་ཞེས་བཤད། ལེགས་སྦྱར་གྱི་སྐད་དུ་དཱི་པཱི་དང་། ཡུལ་སྐད་དུ་རྩྭ་གཟིག་ཟེར།
|
གུང་ (4)
| Part of speech
|
མིང་ཚིག
|
| Definition
|
རྒྱ་ནག་གོང་མའི་སྐབས་ཀྱི་གོ་ཐོབ་ཅིག་གི་མིང་།
|
| Foreign
|
རྒྱ་ནག
|