14079
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོར་ཡུལ་དབུས་ཀྱི་དགའ་ལྡན་དགོན་པའི་ཉེ་འདབས་སུ་འཁྲུངས། དགུང་ལོ་གསུམ་པར་རྒྱལ་བ་ཡབ་སྲས་ཀྱི་གསུང་ལྟར་གུང་ཐང་དུ་གདན་དྲངས། ལྔ་བར་རྒྱལ་སྲས་ཡེ་ཤེས་གྲགས་པ་ལས་རབ་ཏུ་བྱུང། མཚན་ལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། བདུན་པར་མཁན་པོ་དེ་ཉིད་ལས་དགེ་ཚུལ་གྱི་སྡོམ་པ་མནོས། ལོ་དར་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཕེབས། བཅུ་པར་བསེ་ཁྲི་རྒན་ཚང་དང་གྲུབ་དབང་སྡེ་རྒན་ཚང་རྣམ་པ་གཉིས་ཀྱིས་བསྐུལ་བ་ལྟར། འབྲས་སྤུངས་ནས་ཆིབས་ཁ་བསྒྱུར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཀུན་བཤད་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་རྡོ་རྗེ་ཞེས་གསོལ། ཉི་ཤུ་པ་མེ་སྟག་ ༡༧༤༦ ལོར་ཨ་མདོ་རྔ་བ་ཁུལ་དུ་ཕེབས། གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་ལས་བསྙེན་པར་རྫོགས། བདེ་མཆོག་གི་དབང་ཡང་གནང་། ཉེར་གཉིས་པ་ས་འབྲུག་ ༡༧༤༨ ལོར་གདན་ས་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བར་ཕེབས། ལོ་ལྔའི་རིང་ཆོས་འཆད་ཉན་དང་། བསླབ་པ་སློབ་གཉེར་ལ་དོ་དམ་ལེགས་པར་མཛད། ཉེར་དགུ་པ་ཤིང་ཕག་ ༡༧༥༥ ལོར་ཚོགས་ཆེན་གྱི་ཁྲི་ལས་དགོངས་ཞུ་མཛད། རི་ཁྲོད་ཡིད་དགའ་ཆོས་འཛིན་ཕྱག་བཏབ། ཐུགས་དམ་ཉམས་བཞེས་ལོ་བཞིར་བྱས། བརྒྱད་སྟོང་པ་ཚར་བརྒྱ་དངུལ་གྱིས་བྲིས། སྐུ་གསུང་ཐུགས་རྟེན་དཔག་མེད་ཅིག་གསར་དུ་བཞེངས། སོ་གསུམ་པར་གོང་མ་ལྷ་སྐྱོང་ཆེན་ཞུས་ངོར་པེ་ཅིན་དུ་ཕེབས། གོང་མ་ཤིན་ཏུ་དགྱེས་ནས། གདན་སེར་པོའི་ཐོབ། བཞུགས་གདན་སེར་པོ་རྒྱབ་ཡོལ་དང་བཅས་པ་ཕུལ། རྒྱ་ནག་རྒྱལ་སའི་ཧུ་ཐོག་ཐུ་རྣམ་བརྒྱད་ཀྱི་ནང་ཚན་ཁྲི་གུང་ཐང་ཚང་ཞེས་སྙན་གྲགས་ཆེ། རབ་བྱུང་བཅུ་གསུམ་པའི་ས་ཡོས་ ༡༧༥༩ ལོར་པེ་ཅིང་དུ་སྐུ་གཤེགས། |
Synonyms | ཚངས་སྲས་དགྱེས་པའི་རྡོ་རྗེ། |
{{#arraymap:གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན་
|; |@@@ | | }}