14082

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུང་ཐང་བློ་གྲོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྗེ་འདི་བ་རབ་བྱུང་བཅུ་བཞི་བའི་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོར། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷོ་ཕྱོགས་ཙ་ཡུས་ཞེས་པའི་ཡུལ་དུ་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་བཞི་བའི་སྐུ་ཚར་འཁྲུངས། ཆུང་དུས་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། ཨ་ཁུ་ཤེས་རབ་རྒྱ་མཚོ་སོགས་ཡོངས་འཛིན་དུ་མ་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཐིལ་ཕྱིན་གནང་བས་མདོ་སྔགས་གཞུང་ལུགས་ཀུན་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ཤིང་དབང་ལུང་མན་ངག་བྱེ་བའི་གཏེར་མཛོད་དུ་གྱུར། པོ་ཏི་ལྔའི་རྩ་བ་སོགས་གཞུང་ཆེན་བཅུ་བདུན་བློ་ཐོག་ནས་སྐྱོར་སྦྱང་ཆག་མེད་མཛད། གུང་ཐང་བླ་བྲང་གི་ཆོས་སྲིད་གཉིས་ཀྱི་ཁ་ལོ་བ་མཛད་རིགས་ནའང་མཆིལ་མའི་ཐལ་བ་བཞིན་དོར་ཏེ་ལྟོ་སྐྱ་གོས་ཧྲུལ་གྱི་དཀའ་སྤྱད་དང་དུ་བླངས་ཏེ་གྲྭ་རྐྱང་དཀྱུས་མའི་བརྟུལ་ཞུགས་བླངས། འགྲེལ་བ་དོན་གསལ་གྱི་མཆན་འགྲེལ་སོགས་གསུང་རྩོམ་པོད་བཅུ་ཡོད་པ་རྣམས་གཞུང་ཆེན་ཁག་གི་དཀའ་གནད་གསེད་བཀྲོལ་གྱི་མན་ངག་ལྟ་བུ་རྐྱང་ཡིན་ལ། གསུང་སྐྱེས་སློབ་མ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང། ཨ་ཁུ་ལྷ་སྨོན་ཚུལ་ཁྲིམས་སོགས་བགྲང་ལས་འདས་པ་བྱོན། དགུང་གྲངས་བརྒྱད་ཅུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ཕྱི་ལོ་ ༡༩༣༠ ལོར་བསྟན་འགྲོའི་དོན་ཁོ་ནར་དགོངས་ཏེ་སྐུ་སྲོག་ཁ་ཆེའི་ཇག་ཚོགས་མཱ་པུ་ཧྥང་གི་མེ་མདའི་ཁར་གཏད། སྐུ་གདུང་ཞུགས་ལ་སྦྱངས་པར་རང་བྱུང་གི་སྐུ་དང་ཡིག་འབྲུ་ངོ་མཚར་བ་བྱོན་པ་སྙིང་པོར་བྱས་པའི་དངུལ་གྱི་མཆོད་རྟེན་བཞེངས་པ་ད་ལྟ་བཀྲ་ཤིས་འཁྱིལ་དུས་འཁོར་གྲྭ་ཚང་གི་གཙུག་ལག་ཁང་དུ་བཞུགས་སོ། །

{{#arraymap:གུང་ཐང་བློ་གྲོས་རྒྱ་མཚོ་

|; |@@@ | | }}