14083
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༨༦༠ ལོར་མདོ་སྨད་རྨ་ཆུ་འགྲམ་ངོགས་གཅའ་ཁོག་ཏུ་ཡབ་བདེ་ཆེན་དར་རྒྱས་དང་། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་དབང་ཆེན་ཚེ་རིང་ཞེས་བཏགས། དགུང་ལོ་བཞི་བར་གུང་ཐང་བླ་བྲང་ཐུབ་བསྟན་སྐྱེད་ཚལ་གྱི་ཁྲིར་མངའ་གསོལ། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་རབ་བྱུང་གི་སྡོམ་པ་མནོས། མཚན་ལ་འཇམ་དབྱངས་བསྟན་པའི་ཉི་མ་ཞེས་གསོལ། ཡི་གེའི་འབྲི་ཀློག་སྦྱངས། བདུན་པར་རྗེ་ཤེས་རབ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། མདོ་སྔགས་ཀྱི་ཆོས་རྒྱུན་གསན། བཅུ་གསུམ་པར་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། བཀའ་པོད་ལྔ་ལ་གསན་སྦྱོང་མཛད། ཉེར་གཅིག་པར་བྲ་ཉེ་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་མནོས། ཉེར་ལྔ་བར་དབུས་གཙང་དུ་གནས་མཇལ་ཕེབས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་མཇལ། བཞི་བཅུ་པར་སླར་ཡང་ཨུ་ཆེན་ཐོར་གོད་བརྒྱུད་ཕྱི་སོག་དུར་བེད་དུ་བྱོན། བཀའ་ཆོས་མང་པོ་གསུངས། དགུང་ལོ་ཞེ་བཞི་པར་བླ་བྲང་དགོན་པའི་ཚོགས་ཆེན་ཁྲི་བ་མཛད། ཁྲི་རབས་རེ་དགུ་བ་ཡིན། གདན་སའི་འཆད་ཉན་དང་། སྤྱི་སྒེར་གྱི་སྒྲིག་ལམ་དམ་བཟུང་མཛད། རིགས་གྲྭར་ངར་ཆར་འཕད་ཀྱི་གཏོང་སྒོའི་རིགས་དང་། འདུ་ཁང་ཆེན་མོར་གོས་ཆེན་གྱི་གནམ་རྒྱན་ཕུལ། ང་ལྔ་བར་ཧལ་ཧའི་ཕྱོགས་སུ་ཕེབས། ཆོ་ལོ་ཏིའི་དགོན། ཨ་ན་དགོན། ཨི་གུ་ཐིའི་དགོན། ཤིས་ཆང་གུ་དགོན་བཅས་དགོན་ཁག་སུམ་ཅུ་ལྷག་གིས་དགོན་མགོ་ཕུལ་བ་ཞལ་བཞེས་མཛད། ང་དགུ་བར་མཱ་ཆི་ཚང་དང་བླ་བྲང་བར་ལ་འགལ་ཟླ་ཡོད་ཀྱང་། ཐབས་ཤེས་ཀྱིས་བདེ་ལ་བཀོད། རབ་བྱུང་བཅོ་ལྔ་བའི་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་བེ་ཤིང་དགོན་དུ་སྐུ་གཤེགས། གསུང་རྩོམ་ནི་མཎྜལ་གྱི་བཤད་པའི་སྐོར་དང་། ཡང་སྤྲུལ་མྱུར་འབྱོན་གྱི་སྐོར། རྣམ་ཐར་གྱི་སྐོར། ཁྲི་བཤད་ཀྱི་སྐོར། བསླབ་བྱའི་སྐོར། ཡུལ་ལྷའི་གསོལ་མཆོད་ཀྱི་སྐོར། གསན་ཡིག་ཆབ་ཤོག་གི་སྐོར། ཆིངས་ཡིག་བཅའ་ཡིག་གི་སྐོར་བཅས་རྣམ་གྲངས་མང་པོ་བཞུགས། |
{{#arraymap:གུང་ཐང་འཇམ་དབྱངས་བསྟན་པའི་ཉི་མ་
|; |@@@ | | }}