14084

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་ (1)
Part of speech མིང་ཚིག
Definition ཕྱི་ལོ་ ༡༩༢༦ ལོར་མདོ་སྨད་ལྷོ་རྒྱུད་མཛོད་དགེ་བཞག་སྡོམ་ཞེས་པའི་འབྲོག་སྡེར། ཡབ་འཇིགས་མེད་རྡོ་རྗེ་དང་ཡུམ་དཀར་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། གུང་ཐང་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་གསེར་ཁྲིར་མངའ་གསོལ། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས་ཤིང་དགུང་ལོ་བཅུ་དགུའི་སྟེང་དགེ་བཤེས་ཀྱི་མཚན་གནས་བཞེས། ཕྱི་ལོ་ ༡༩༥༨ ལོར་གསར་བརྗེ་ངོ་ལོག་པ་དང་མདོ་སྨད་ལྷོ་རྒྱུད་ཀྱི་ཟིང་འཁྲུག་ཇུས་འགོད་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་གིས་མི་ལོ་ཉེར་གཅིག་རིང་བཙོན་འཇུག་མནར་གཅོད་བཏང། བཙོན་གྲོལ་ཐོབ་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་གཙོས་བོད་གངས་ཅན་གྱི་ཆོས་སྡེ་མང་པོ་སླར་གསོའི་མཛད་འཕྲིན་བསྐྱངས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་ཐེབས་དངུལ་བཞག་སྟེ་བོད་བསྐྱར་གསོའི་ཁུར་འགན་གཞན་འགྲན་མ་མཆིས་པ་བསྐྲུན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཐོག་རྒྱ་གཞུང་ལ་དགོངས་འཆར་འཛེམ་ཟོན་མེད་པར་གནང་བས་སླར་ཡང་རྒྱ་གཞུང་ལ་ཕོག་ཐུག་ཤོར། དུས་འཁོར་དབང་ཆེན་གྱིས་མཚོན་གསུང་ཆོས་གལ་ཆེན་གནང་སྐབས་རེ་རེ་བཞིན་རྒྱལ་དབང་མཆོག་མྱུར་དུ་བོད་ལ་ཕེབས་དགོས་པ་དང། སྐུ་ཚེ་ཞབས་པད་བརྟན་རྒྱུ་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པའི་གསུང་བཤད་ཡང་ཡང་གནང་། གསུང་རྩོམ་ཡང་བསླབ་བྱ་དང་མགུར་མ་སོགས་ཡོད་ལ་རྩོམ་གཤིས་ཤིན་ཏུ་ལེགས་པས་སྙན་མགུར་ཐོལ་བྱུང་དུ་བཞེངས་པ་རྣམས་ལ་ངོ་མཚར་བའི་དབྱངས་རྟ་ཡང་མཛད་དེ་རྡུང་ལེན་མཁན་རྣམས་ཀྱིས་འགྲན་ལེན་གྱིས་མདོ་སྨད་ཡུལ་དུ་དར་ཁྱབ་ཆེན་པོ་བྱུང་། སྔ་ཕྱིར་དུས་འཁོར་དབང་ཆེན་ཐེངས་བཅུར་གནང་པའི་ཐ་མ་གསང་ཁོག་དུས་དབང་སྐབས་ཆོས་ཞུ་སློབ་མ་འབུམ་ལྔ་ལྷག་འཛོམས། དགུང་གྲངས་དོན་ལྔ་བཞེས་པ་རབ་བྱུང་ ༡༧ པའི་ལྕགས་འབྲུག་ཕྱི་ལོ་ ༢༠༠༠ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། རྗེས་འཇུག་སློབ་མའི་དད་རྟེན་དུ་རིང་བསྲེལ་ངོ་མཚར་བ་མང་པོ་དང། དཔྲལ་རུས་ཀྱི་ཕྱི་ངོས་སུ་ཨ་ཡིག་དང། ནང་ངོས་ལ་འཇམ་དབྱངས་ཀྱི་འབུར་སྐུ་རང་བྱོན། རྩིབ་རུས་སྟེང་ཨ་ར་པ་ཙ་ནའི་གཟུངས་སྔགས་རང་བྱོན་སོགས་ངོ་མཚར་བ་མང་དུ་བྱུང་ངོ་། །

{{#arraymap:གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་

|; |@@@ | | }}