14103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུང་རུ་རྒྱལ་མཚན་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་ཕག་ཕྱི་ལོ་ ༡༣༨༣ ལོར་མདོ་ཁམས་གུང་རུ་སྟོད་དུ་འཁྲུངས། གཞོན་དུས་ནས་རྗེ་བློ་བཟང་གྲགས་པ་དང་། བྱང་སེམས་རྭ་སྒྲེང་པ་སོགས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཛད། རྗེ་བཙུན་བློ་བཟང་གྲགས་པ་དང་། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་དགེ་འདུན་གྲངས་ཚང་དབུས་སུ་དགེ་སློང་བསྒྲུབས། ཟབ་ཆོས་ཀྱི་དབང་ལུང་མན་ངག་མང་དུ་གསན། གསུང་ཕུ་སྦེ་སེར་གྱི་འཆད་ཉན་པ་མཛད། ལུང་རིགས་སྨྲ་བར་མཚུངས་ཟླ་མེད་པས་མཚུངས་མེད་ཆོས་རྗེར་གྲགས། སེར་ཐེག་ཆེན་གླིང་གི་གདན་སའི་ཁྲིར་བཞུགས། བཙུན་མོ་ཚལ་དང་གདན་ས་གཉིས་འཛིན་གྱི་ལམ་ནས་མདོ་སྔགས་འཆད་ཉན་མཛད། རེ་བརྒྱད་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་ཕྱི་ལོ་ ༡༤༥༠ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་མཁས་གྲུབ་དཔལ་ལྡན་སེང་གེ་དང་། ཆོས་རྗེ་རིན་ཆེན་བྱང་ཆུབ། ཀུན་དགའ་ལེགས་པ། པུ་ཏོ་བླ་མ་གཞོན་ནུ་དཀོན་མཆོག འབྲོང་སྟེང་བླ་མ་སངས་རྒྱས་ཚུལ་ཁྲིམས། རི་ཁ་བླ་མ་གྲོགས་འོང་བ། བྱེའུ་གནས་བརྟན་པ་བཅས་ཡིན། གསུང་རྩོམ་ནི་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་མི་ཕམ་དགོངས་རྒྱན། མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། རྒྱུད་བླ་མའི་འགྲེལ་པ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ། དབུ་མ་འཇུག་པའི་འགྲེལ་པ། དབུ་མའི་སྟོང་ཐུན། ཚད་མའི་བསྟན་བཅོས་མཁས་པ་དགའ་སྐྱེད། མཛོད་ཀྱི་འགྲེལ་པ། འདུལ་བའི་སྤྱི་དོན་བཅས་བཞུགས། སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་གསུམ་པ་ཡིན།
Synonyms མཚུངས་མེད་ཆོས་རྗེས།

{{#arraymap:གུང་རུ་རྒྱལ་མཚན་བཟང་པོ་

|; |@@@ | | }}