14141

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུར་ཀུམ་ (1)
Part of speech མིང་ཚིག
Definition ལེགས་སྦྱར་གྱི་ཀུངྐུ་མ་ཟུར་ཆག་པ་སྟེ། གུར་གུམ་ཞེས་བྲིས་པའང་ཡོད། ལོ་རེ་བཞིན་བཏབ་ནས་སྐྱེ་བའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་ཨ་ར་འདྲ་བ་མང་བ་དང༌། སྡོང་པོ་རྐྱང་པ་འདྲོང་པོར་སྐྱེ་བའི་སྟོད་ཆ་ནས་ཡལ་ག་གྱེས་ཤིང༌། སྡོང་པོ་དང་ཡལ་གའི་ཕྱི་ངོས་སུ་ཤུར་རིས་དང་འབར་འབུར་ཅུང་ཟད་ཡོད་པ། ལོ་མ་ལྗང་སེར་གྱི་སྨད་ཆ་ཆེ་ལ་རིམ་བཞིན་ཕྲ་རུ་ཕྱིན་ཏེ། རྩེ་རྣོ་ཞིང་ངར་བ་མེད་པའི་མཐར་ཉག་ག་ཞིབ་ཅིང༌། མདུན་ལྗང་ལ། རྒྱབ་སྐྱ་བ། རྒས་ཚེ་ཉག་ག་རྣམས་ཚེར་མ་ལྟར་རྣོན་པོ་ཆགས་པ། མེ་ཏོག་སེར་པོ་འདབ་མ་ཕྲ་ལ་མང་བ་ཚོམ་བུར་འཆར་བའི་འདབ་གདན་ཉ་ཁྲབ་འདྲ་བའི་རྩེ་ཁབ་ལྟར་རྣོ་བས་བསྐོར་བ་སྡོང་པོ་དང་ཡལ་ག་རྣམས་ཀྱི་རྩེར་འཆར་བ། ནང་དུ་ས་བོན་དཀར་ལ་མཁྲེགས་པ་སྐྱི་པགས་སྲབ་མོས་བཏུམ་པ་ཚ་ལུ་མའི་འབྲུ་ལྟར་ཟུར་གསུམ་དང་ལྡན་པ་བཅས། གུར་གུམ་མཆོག་ནི་སི་པན་རྒྱལ་ཁབ་ནས་ཐོན་གྱི་ཡོད་ལ། དེ་བཞིན་རྒྱ་གར་གྱི་ཀ་ཤི་སྨིར་དང་བལ་ཡུལ་སོགས་ནས་ཀྱང་འོང་བ་མང་ཞིང། སྤྱིར་གུར་ཀུམ་ལ་དབྱེ་ན། བྱ་རྐང་མ་དང་། ཁ་ཆེ་གུར་ཀུམ། ལེ་བརྒན་མ། བལ་པོ་གུར་ཀུམ། བོད་གུར་གུམ་མམ་ལྡུམ་ར་གུར་ཀུམ་བཅས་ལྔ་ཡོད། བོད་དུ་བཏབ་ན་སྐྱེ་བའི་གུར་ཀུམ་ནི། བོད་ཟླ་བརྒྱད་པ་ཙམ་ལ་ཟེའུ་འབྲུ་སེར་སྨུག་བཏུས་ཏེ། བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྟུལ་ཞིང་འཇམ། མཆིན་པའི་ནད་རིགས་ཀུན་དང༌། ཁྲག་ཤོར་གྱི་ནད། ཟུངས་ཁྲག་དམས་པ། ཁྲག་གི་རྒྱུ་བ་ཞན་པ་སོགས་ལ་ཕན་པ་ཡིན།
Foreign ཟུར་ཆག
Synonyms ཀུརྐམ། དྲི་བཟང་། ཚིམ་བྱེད་དམར་པོ། ཀུ་སུ་མ། ཡང་དག་ཆགས། ཀེ་སར། ཀུན་ནས་འཁུམས། ཡང་དག་འཁུམས། ཕྲ་མོ་ཅན། མཆིན་སྨན་གཙོ་བོ། འཇམ་དབྱངས་མདོག་ཅན། ལུས་དམར། ཨགྣི་ཀཾ མེ་ལྡན། ཉི་མ་གུང་རྙེད། ཉི་མ། བརྟན་པ། དྲི་ཞིམ། བདེ་བྱེད། སྣང་བྱེད། དཱི་པ། དཔལ་བ། བྱ་རྐང་། མེ་ཏོག་དོན་ཅན། མེའི་རྩེ་མོ། དམར་ལྡན། དམར་མིང་ཅན། རྩ་བ་བརྒྱ་བ། ཚ་སེལ་རྒྱལ་པོ། མཛེས་མདངས། ཧ་རི་ཙན་དན་ཅན།

{{#arraymap:གུར་ཀུམ་

|; |@@@ | | }}