14148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུར་གྱི་མགོན་པོ་ (1)
Part of speech མིང་ཚིག
Definition བཀའ་ཡི་ཐ་ཚིག་ལ་གནས་པའི་ཡེ་ཤེས་པའི་སྲུང་མ་ཞིག་སྟེ། དཔལ་ལྡན་ས་སྐྱའི་བཀའ་སྲུང་མགོན་པོ་གུར་ལ་ཟེར། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་ཏེ་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ་དང༌། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང༌། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྦྲུལ་པའི་ཕོ་ཉ་འཕྲོ་བའོ། །འཁོར་ལས་བྱེད་སྦྲུལ་པ་ཡང་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་པ། དེའི་གཡོན་དུ་ཨེ་ཀ་ཛ་ཊི་སྔོན་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་བུམ་པ་ཐུགས་ཀར་འཛིན་ཅིང༌། དར་དཀར་གྱི་སྟོད་གཡོགས། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་བ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ་ཁྲག་གི་རྒྱ་མཚོའི་དབུས་སུ་དཔལ་ལྡན་ལྷ་མོ་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་རལ་གྲི། ཐོད་གཡོན་གཉིས་ན་མདུང༌། རྩེ་གསུམ་འཛིན་པ། མི་མགོ་སྐམ་རློན་གྱིས་བརྒྱན་པ། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་བོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་ལང་གི་གོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོའི་སྐེ་རགས་བཅིངས་པ། སྤྱན་གསུམ་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་ལ་དུག་སྦྲུལ་དང༌། གཡོན་ལ་སེངྒེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་ཅིང་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆང་བ་མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུཾ་དང་བྷྱོའི་སྒྲ་སྒྲོག་པའོ། ། འདིའི་བརྒྱུད་རིམ་ནི། གུར་མགོན་ལྕམ་དྲལ་བཀའ་རྒྱ་མ་ནི། རྡོ་རྗེ་འཆང་དང༌། བྲམ་ཟེ་མཆོག་སྲེད་ནས་དད་བྱེད་གོ་ཆ་ཡིས་བརྒྱུད་པ་ལོ་ཙཱ་བ་རིན་ཆེན་བཟང་པོས་གསན་ཏེ་བོད་དུ་བརྒྱུད། གུར་མགོན་རྡོ་རྗེ་ནག་པོ་ཆེན་པོ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་ཡིན་ལ། མགོན་པོའི་རིགས་དང་རྡོ་གུར་གྱི་རྒྱུད་ལས་བསྟན་པས་ན་གུར་གྱི་མགོན་པོ་ཞེས་ཞུ། འཕགས་ཡུལ་དུ་འཕགས་པ་ཀླུ་སྒྲུབ་དང༌། བོད་དུ་ས་ཆེན་གོང་མ་སོགས་རིས་མེད་ཀྱི་དམ་པ་རྣམས་ཀྱིས་བསྟེན་པའི་སྲུང་མ་ཁྱད་པར་ཅན་ཡིན་པའི་རྟེན་འབྲེལ་གྱི་དབང་གིས་ཀྱང་མི་ཆེན་ལ་ངོ་མཐོ་བར་གྲགས།
Domain ཆོས་ལུགས།

{{#arraymap:གུར་གྱི་མགོན་པོ་

|; |@@@ | | }}