14154

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུར་དཀར་བ་ (1)
Part of speech མིང་ཚིག
Definition གདུང་རུས་བམ་རི་གཟི་བ་ཡིན་ཞིང༌། མདོ་སྨད་ཀྱི་ཕ་བོང་གུར་དཀར་ཅེས་བྱ་བའི་ས་ཆ་ན་སྐུ་འཁྲུངས་པས། ཡུལ་གྱི་མིང་མཚན་ལ་ཐོག་པས་གུར་དཀར་ཞེས་པའི་མཚན་དུ་འདྲེན་པ་བྱུང་ངོ༌། །དེ་ཡང་བླ་མ་ཏི་ཤྲཱིའི་མདུན་དུ་ཆུང་ངུ་ནས་རབ་ཏུ་བྱུང་ཞིང་མཚན་ཤེས་རབ་རྡོ་རྗེ་བྱ་བར་བཏགས། ཆོས་ཕྱི་ནང་གསང་གསུམ་ཐམས་ཅད་ཞུས་ནས་སྒྲོ་འདོགས་ཆོད་པར་མཛད། རས་གུར་གཉིས་ཟེར་ནས་མཚན་མཉམ་པོར་འདྲེན་པའི་བུ་ཆེན་དམ་པ་ཡིན་ཡང་དུས་ཕྱིས་སྨུ་ཆུས་བསྙུང་གཞི་དྲག་པོ་གཅིག་བྱུང་བས་ཁམས་གཞི་ཡིན་དགོངས་ཏེ། དབུས་གཙང་དུ་འབྱོན་པའི་ལམ་མགོ་རུ་པའི་ཁེ་ནང་དུ་བཞུགས་པའི་ཚེ། རས་པ་དཀར་པོ་བྱོན་ནས་བཤོལ་བས། ང་ཡི་ལུས་ལ་ནད་གདུག་པ་ཅན་འདི་ལྟ་བུ་བྱུང་བས། བླ་མ་སྤྲུལ་པའི་སྐུ་དེ་མ་བཞུགས་ཕྱིན་ཆད་འདི་ཕྱོགས་སུ་སེལ་ནུས་པ་ནི་མེད། དེར་རེ་ཞིག་དབུས་གཙང་དུ་སོང་ན་འདི་སེལ་ནུས་པ་ཡོད་དམ་སྙམ་པ་ཡིན་གསུངས་པས། རས་པ་དཀར་པོའི་ཞལ་ནས་བླ་མ་རིན་པོ་ཆེ་མི་བཞུགས་ཀྱང་དེའི་གདམ་པ་ཟབ་མོ་རྣམས་ངེད་རང་ལ་བདོག་པས། འདི་སེལ་བ་ལ་དཀའ་བ་མ་ཡིན་གསུངས་ཞིང་གཟར་དཀར་པོ་གཅིག་གི་སྟེང་དུ་བཞུགས་སུ་བཅོལ་ནས། རྟེན་འབྲེལ་དང་བྱིན་རླབས་མང་དུ་མཛད་ཅིང༌། འཁྲུལ་འཁོར་དང་དམིགས་པ་བསྟན་ནས་འཁྲུལ་འཁོར་མཛད་པས། རྨུ་ཆུའི་ནད་ཐམས་ཅད་བ་སྤུའི་བུ་ག་ནས་ཅི་ལི་ལི་ཐོན་ཏེ། དེ་ཉིད་དུ་ཕན་པར་གྱུར། དེ་ལ་འགའ་ཞིག་གིས། སྒོམ་སྡེའི་བླ་མ་གུར་དཀར་བ། །ལྷ་སར་བྱོན་ཙ་ཁེ་སར་ཕེབས། །ཇོ་བོ་མ་མཐོང་གོ་བོ་མཐོང༌། །བསྙུང་གཞི་རས་པ་དཀར་པོས་བསལ། །ཟེར་བའི་ཁ་མཚར་བྱེད་པ་ཡང་བྱུང་སྐད། དེ་ནས་ཕྱིར་སྐུ་འབུམ་དགོན་ཐོག་ཏུ་ཕེབས་ཏེ། དད་པ་ཐུན་མོང་མ་ཡིན་པ་སྐྱེས་པའི་སྒོ་ནས་ཆོས་ཕྱི་ནང་གསང་གསུམ་ཐམས་ཅད་གསན་ཞིང་རྩ་བའི་བླ་མར་མཛད་པ་ཡིན། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་བེའུ་རུ་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།

{{#arraymap:གུར་དཀར་བ་

|; |@@@ | | }}