14160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུར་མགོན་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་གུར་མགོན་ལྷ་བཅུ་བདུན་གྱི་སྒྲུབ་ཐབས། ཨ་ཙ་ར་ར་ཧཱུ་ལ་དམར་པོ་དང་། བོད་ཀྱི་ལོ་ཙཱ་བ་གྱི་ལྗང་གིས་བསྒྱུར། འདིའི་མཛད་འགྱུར་མཐར་འདིའི་བརྒྱུད་པ་དང་དཀྱིལ་ཆོག་ཅེས་སོགས་ཚེག་ཁྱིམ་ཉིས་བརྒྱ་དང་དྲུག་ཅུ་རེ་བཞི་བཞུགས་ལ་དེའི་མཇུག་ཏུ་འདིའི་སྒྲུབ་ཐབས་རྒྱས་པ་རིན་ཆེན་གྲགས་ཀྱི་ལག་བྲིས་གསར་བཞེངས་ཁྲོད་ན་ཡོད། སྒོ་བ་བཞི་ཕུད་ན་བརྒྱད་ཀྱང་ཡོད། ལྷ་བཅུ་གཉིས་མ་སོགས་པོ་ཏི་ཚད་མའི་བརྒྱུད་པ་ནི། འཕགས་པ་ཡན་རྗེས་གནང་དང་འདྲ་ལ། དེ་ནས། དགའ་ལྡན་པ་ཀུན་བསོད། དཔལ་ལྡན་སེང་གེ ། སྙམ་མེད་པ། གཟུངས་ཀྱི་དཔལ། དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་རྒྱལ། ཀུན་བཟང་པ། དམར་སྟོན་པ། ཞལ་སྔ་ནས། དེས་བདག་གོ ། ཡང་ན། དཔལ་ལྡན་བླ་མ་དམ་པ་ཡན་རྗེས་གནང་དང་འདྲ་ལ། དཔལ་ལྡན་ཚུལ་ཁྲིམས་ཡན་འདྲ། ཆོས་ཀྱི་རྣམ་གྲངས། ཞལ་སྔ་ནས་ཀྱི་གསན་ཡིག་བརྒྱ་སོ་བདུན་ལ་ཡོད། ཅེས་འཁོད། བསྟན་འགྱུར་རྒྱུད་ཧུ་པར་བཞུགས།

{{#arraymap:གུར་མགོན་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་

|; |@@@ | | }}