14183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུས་པའི་ལུས་ལྡན་ (1)
Part of speech མིང་ཚིག
Definition བོན། རྣམ་རྒྱལ་མཆོད་གཞུང་ལས་བཀྲ་ཤིས་ཡོན་ཏན་གྱི་མཆོད་པ་བཅུ་ལས་གཅིག་ཡིན་ལ། དེ་ཡང་ཕྱག་གིས་ཕྱག་རྒྱ་བཅའ་བ་དང་། བསྒྱུར་བ། བཀྲོལ་བ་གསུམ་གྱི་མཆོད་པ་དང། ཕྱག་འཚལ་སྐོར་བ་སོགས་མདོར་ན་ལུས་ཀྱིས་བསྡུས་པའི་ཡིད་འོང་གི་རྣམ་པ་རྣམས་ཡིན་ཏེ། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། གུས་པའི་ལུས་ལྡན་ནི། ཕྱག་རྒྱ་བཅའ་བསྒྱུར་བཀྲོལ་གསུམ་དང། སྐོར་བ་དང་ལྷ་ཕྱག་འཚལ་བ་རྣམས་ཏེ་སྒྲུབ་གཤེན་གྱིས་ལུས་བསྡུས་པའོ། །ཞེས་སོ། །དེཡང་མཆོད་པ་ནི་མཆོད་པའི་ཡ་སྟགས་ལ་གཟིགས།
Domain ཆོས་ལུགས།

{{#arraymap:གུས་པའི་ལུས་ལྡན་

|; |@@@ | | }}