14230

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གེ་རོང་དགོན་ (1)
Part of speech མིང་ཚིག
Definition ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོའི་སློབ་མ་གེ་རོང་སྨོས་བཟོད་པ་རྒྱ་མཚོ་གེ་རོང་གྲོང་སྨོས་ཚང་ལ་འཁྲུངས། ཁོང་གིས་རབ་བྱུང་བཅུ་གཉིས་པའི་ནང་ལ་གེ་རོང་གླང་ཆེན་སྣ་འདྲའི་རི་མགོར་དགོན་པ་བཏབ། དགོན་པའི་མཚན་ལ་གསང་སྔགས་ཆོས་འཁོར་གླིང་ཞེས་གསོལ། ཕྱིས་སུ་གཡོན་རུ་གཏེར་སྟོན་འཆི་མེད་རྡོ་རྗེའམ་པདྨ་རྣམ་གྲོལ་གླིང་པས་གཏེར་ལུང་ལྟར་གསང་སྔགས་ཐེག་མཆོག་བཤད་སྒྲུབ་གླིང་ཞེས་མཚན་གསོལ། དགོན་འདི་གྲུབ་མཐའ་རྙིང་མ་པ་དང་། བྱེ་བྲག་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་འཛིན་པའོ། །རིག་གསར་སྐབས་སུ་གཏོར་བརླག་ཆེན་པོ་བཏང་། སྨོས་བཟོད་པ་རྒྱ་མཚོ་སོགས་གདན་རབས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ནོ། །དགོན་བདག་སྨོས་བཟོད་པ་རྒྱ་མཚོ་དང་། ཆོས་འབུམ་བླ་མ་ཨོ་རྒྱན་ཆེ་མཆོག་རྣམས་ཀྱིས་འབའ་བྲག་གཡབ་དགོན་གྱི་བྱང་གཏེར་ཆོས་བརྒྱུད་ལྟར། མདོ་སྒྱུ་སེམས་གསུམ་དང་། བྱེ་བྲག་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་འདུས་སོགས་དགོན་འདིར་སྒྲུབ་མཆོད་ལེགས་པར་བཙུགས། དེ་རྗེས་ཛཿཀ་མཆོག་སྤྲུལ་སོགས་བྱོན་ནས་སྟག་ཟླའི་ཚེས་བཅུ་གཉིས་བདུན་དང་གར་འཆམ་སོགས་རྒྱུན་སྲོལ་བཟང་པོ་སྔར་ལྟར་ད་ལྟའང་ཡོད། སྔར་གཏེར་ཆེན་རང་རིག་རྡོ་རྗེའི་གཏེར་ཆོས། ཡང་ཟབ་རྩ་གསུམ་བདུན་སྒྲུབ་ཡོད་ཀྱང་ཆད་ནས་ད་བར་ཚུགས་མ་ཐུབ། ས་ག་ཟླ་བ་བཞི་པའི་ནང་བདེ་ཆེན་ཞིང་སྒྲུབ། བོད་ཟླ་ ༦ པའི་ཚེས་ ༡༥ ནས་གནམ་སྟོང་བར་དབྱར་གནས་ཡོད།

{{#arraymap:གེ་རོང་དགོན་

|; |@@@ | | }}