14252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་ (1)
Part of speech མིང་ཚིག
Definition བཟོད་པ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་འཐོབ་པར་གེགས་བྱེད་པའི་དེ་དག་གི་རྣམ་སྨིན་དང་བཅས་ལས་རྣམས་ཏེ། དཔེར་ན་མི་ཞིག་ཡུལ་འདོར་བར་བྱེད་པ་ལ་བུ་ལོན་པ་དག་ལྡང་བ་བཞིན་ནོ། །དེ་ཡང་རྩེ་མོ་ལས་བཟོད་པ་ཐོབ་པར་བྱེད་པ་ལ། དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ངན་སོང་བའི་ལས་བགེགས་བྱ་བའི་ཕྱིར་ཉེ་བར་གནས་པ་དང་། དེ་བཞིན་ཕྱིར་མི་འོང་ཐོབ་པ་ལ་མཐོང་ཆོས་མྱོང་འགྱུར་མ་གཏོགས་པའི་འདོད་པ་སྤྱོད་པའི་ལས་རྣམས་དང་། དགྲ་བཅོམ་པ་ཐོབ་པ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་རྣམས་བགེགས་ཤིན་ཏུ་བྱེད་པར་ཉེ་བར་གནས་པ་རྣམས་སོ། །
Domain ཆོས་ལུགས།

{{#arraymap:གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་

|; |@@@ | | }}