From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གོ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འདི་ཉིད་ཚིག་མཐར་སྦྱར་བས། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་ནུས་པས་རྫོགས་ཚིག་ལ་འཇུག་པ་ཟེར་ཞིང་། རྗོད་བྱེད་ཀྱི་ཚིག་གང་གི་རྗེས་སུ་སླར་ཡོང་རྒྱུའི་ཚིག་གྲོགས་དག་བསྡུས་པས་ན་སླར་བསྡུའང་ཟེར་ཏེ། སྦྱོར་ཚུལ་ནི་རྗེས་འཇུག་ག་ཡིག་གི་རྗེས་སུ་གོ་སྦྱོར་དགོས།
|
| Keyword
|
True
|
| Example
|
རྟག་གོ །ཕྱི་ཐག་རིང་བ་ནི་གྲོགས་ཀྱི་མཆོག་གོ་ལྟ་བུ།
|
གོ་ (1)
| Part of speech
|
བྱ་ཚིག
|
| Definition
|
ཧ་གོ་བའམ་ཤེས་པའི་དོན་ཏེ།
|
| Keyword
|
True
|
| Example
|
གཞུང་དོན་བདེ་བླག་ཏུ་གོ། ཚིག་སྦྱོར་ལེགས་ཤིང་དོན་གོ་སླ་བ་ལྟ་བུ།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|
གོ་ (2)
| Part of speech
|
བྱ་ཚིག
|
| Definition
|
རྣ་བས་ཐོས་པའི་དོན་ཏེ།
|
| Keyword
|
True
|
| Example
|
གླུ་སྐད་རྒྱང་ནས་གོ ། ཅི་བཤད་ཚང་མ་གོ་སོང་ལྟ་བུ།
|
གོ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕན་ཐོགས་སམ་དོན་འགྲུབ་པའི་དོན་ཏེ།
|
| Example
|
མི་གོ་ཆོད་མང་ན་དོན་འགྲུབ་ལྟ་བུ།
|
གོ་ (2)
| Part of speech
|
མིང་ཚིག
|
| Definition
|
གོ་ཆ་ཞེས་པའི་བསྡུས་ཚིག་སྟེ། མཚོན་ཆ་འགོག་སྲུང་བྱེད་པའི་ཁྲབ་རྨོག་ཕུབ་སོགས་ཀྱི་དོན།
|
| Example
|
ལུས་ལ་གོ་གྱོན། ལག་ལ་མཚོན་ཐོགས་ལྟ་བུ།
|
གོ་ (1)
| Part of speech
|
ཚབ་ཚིག
|
| Definition
|
གཅིག་ནས་དགུའི་བར་གྱི་གྲངས་ཚིག་གི་གོང་དུ་སྦྱར་ན་དགུ་བཅུ་མཚོན་པའི་ཚབ་ཚིག་ཅིག་སྟེ།
|
| Keyword
|
True
|
| Example
|
གོ་གཅིག གོ་གཉིས། གོ་གསུམ། གོ་བརྒྱད། གོ་དགུ་ལྟ་བུ།
|