14297
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་བྱམས་པ་ཆེན་པོའི་གོ་ཆ། མི་དགའ་བ་ཐམས་ཅད་བཟོད་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་གོ་ཆ། བརྩམ་པ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་གོ་ཆ། སངས་རྒྱས་ཐམས་ཅད་ཀྱི་རྒྱུན་འབྱུང་བར་བྱ་བའི་ཕྱིར་བསོད་ནམས་ཀྱི་གོ་ཆ། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་བྱ་བའི་ཕྱིར་བསོད་ནམས་ཀྱི་གོ་ཆ། འགྲོ་བ་ཐམས་ཅད་བསྒྲལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་གོ་ཆ། འགྲོ་བ་ཐམས་ཅད་ཉོན་མོངས་པའི་མུན་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་གོ་ཆ། སྒོ་ཀུན་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པའི་ཕྱིར་ཐབས་མཁས་པའི་གོ་ཆ། ཐེག་པ་གཞན་ལ་མོས་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བརྟན་ཞིང་འཁྲུག་པ་མེད་པའི་གོ་ཆ། ཆོས་ཀྱི་རློམ་སེམས་མེད་པས་གཅིག་ཏུ་ངེས་པའི་གོ་ཆའོ། ། |
Domain | ཆོས་ལུགས། |
{{#arraymap:གོ་ཆ་བཅུ་
|; |@@@ | | }}