14345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོ་བ་ (1)
Part of speech མིང་ཚིག
Definition རྣ་བས་ཐོས་པའི་དོན་ཏེ།
Keyword True
Example གསར་འགྱུར་ངན་པ་གོ་བ་དང་སེམས་ལ་མི་སྐྱིད་པ་བྱུང། རྣ་བས་གོ་བ་བརྒྱ་ལས་མིག་གིས་མཐོང་བ་གཅིག་ལྷག་ལྟ་བུ།
གོ་བ་ (2)
Part of speech མིང་ཚིག
Definition ཤེས་པའམ་རྟོགས་པའི་དོན་ཏེ།
Keyword True
Example གཞུང་དོན་གོ་བ། དཀའ་གནད་ལ་གོ་བ་མ་ལོན་པ། ཁ་གསལ་ན་གོ་བ་སྐྱེ་སླ་བ་ལྟ་བུ།
གོ་བ་ (3)
Part of speech མིང་ཚིག
Definition བློ་རིག་གི་ནུས་པའམ། བློའི་རྩལ་གྱི་མིང་སྟེ།
Keyword True
Example གཞུང་དོན་ལ་གོ་བ་ཡག་པོ་ཅན། གོ་བ་དང་རིགས་པ་གཉིས་ཀ་ཚང་པའི་དགེ་རྒན། གོ་བ་མེད་པའི་གླང་རྒན་ལ། རྒྱལ་བའི་བཀའ་ལས་དབྱུག་པ་བཙན་ལྟ་བུ།
གོ་བ་ (4)
Part of speech མིང་ཚིག
Definition ཕྱུགས་རྫིའམ་འབྲོག་པ།
Foreign རྒྱ་གར།