14370
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། གོ་བསྒོ་བ་ལ། སྔགས་ནི། གཙུག་དགུར་ཨོཾ་ཊུཾ་ཞེས་བྱ་བའི་ཡི་གེ་གཉིས་པོ་འདིས་གོ་ཆ་བགོས་ནས་ཞེས་གསུངས། རྩེ་མོར། དོན་ཀུན་རབ་ཏུ་སྒྲུབ་བྱེད་པའི། །ཡིག་གཉིས་གོ་ཆ་བཟང་པོ་ཡིན། །ཨོཾ་ཊུཾ་གོ་ཆ་འོ་ཞེས་གསུངས། ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཉིས་སྤྲད་པ་སྙིང་ཀའི་གཡོན། མགྲིན་པ། ལྟག་པ། སྙིང་ཁ་གཡས། ནུ་མའི་བར། སྙིང་ཀའི་དབུས། མགྲིན་པ་དང། དཀུའི་སྨད་ཀྱི་རྒྱབ་ཕྱོགས། དཔྲལ་པ་རྣམས་སུ་མདུད་པ་བཅིང་བའི་ཚུལ་བྱ་ཞིང། སེམས་ཀྱིས་དར་དཀར་པོ་དཀྱུས་སུ་ཁྲུ་ཉེར་གཅིག་དང། ཞེང་དུ་ཁྲུ་གང་པས་གནས་དགུར་པོ་དེར་མདུད་པ་གཉིས་བརྩེགས་རེ་བྱུང་བར་བསམ། ཨོྃ་བཛྲ་ཏུཥྱ་ཧོ་ནི་རྡོ་རྗེ་མཉེས་པ་སྟེ་ཕྱག་རྒྱ་འཆའ་བའི་ཚེ་སེམས་ཀྱིས་མཉེས་པར་བསམ་ལ་ཅོད་པན་གྱི་རྩ་བ་ནས་ཕར་འཆིངས་ནས་རྣ་བ་གཉིས་ཀྱི་སྟེང་ནས་ཡར་སོར་བཞི་ཙམ་ཁྱུང་གཤོག་ལྟར་དར་གྱི་ཁུག་པ་བྱུང་ནས་ལྷག་མ་ལུས་ཚད་དང་མཉམ་པར་བསྒོམ་མོ། །དར་འདི་ཁྲི་ཉི་ཤུ་པ་ཀུན་སྙིང་གིས་གསུངས། ཉེར་གཅིག་པ་རྗེ་བཙུན་གྱིས་བཤད། ཉེར་ལྔ་པ་ཤཱཀྱ་བཤེས་གཉེན་དང་ཀོ་ས་ལའི་རྒྱན་དུ་གསུངས་པ་ནི་ཁྲོ་བོ་བཞུགས་པ་དང་བཞེངས་པའི་ཁྱད་པར་རོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས། ཨོྃ་ཊུཾ་ཞེས་གསུངས་པའི་སྔགས་དེ་བརྗོད་བཞིན་དུ། རྡོ་རྗེ་ཁུ་ཚུར་གཉིས་མདུད་པ་འཆིང་བཞིན་པའི་ཚུལ་དུ་བྱས་ལ། སྙིང་ཁའི་གཡོན། མགྲིན་པ། ལྟག་པ། སྙིང་ཁའི་གཡས། ནུ་མའི་བར། སྙིང་ཁའི་དབུས། མགྲིན་པ། རྒྱབ། དཔྲལ་བ་སྟེ་གནས་དགུར་རེག་ལ། ཡིད་ཀྱིས་དར་དཀར་པོ་ཞེང་དུ་ཁྲུ་གང་བ། དཀྱུས་སུ་ཁྲི་ཉི་ཤུ་གཅིག་པས་གནས་དགུར་མདུད་པ་བྱས་པར་བསམ་ལ། དཔྲལ་བར་ཐལ་མོ་རྩེ་སྤྲད་ནས་གཤམ་བརྡབ་སྟེ། ཨོཾ་བཛྲ་ཏུཥྱ་མཉེས་པ། ཧོཿ ཞེས་བརྗོད་པའི་ཚེ་དང་དེའི་ལྷག་མ་རྣ་བ་གཉིས་ཀྱི་སྟེང་དུ་དར་དཔྱངས་ཀྱི་དགུགས་བྱུང་ནས་དེའི་ལྷག་མ་ལུས་དང་མཉམ་པར་བསམ་མོ་ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:གོ་བསྒོ་བའི་ཕྱག་རྒྱ་
|; |@@@ | | }}