14379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོ་བོ་གླག་གག་ (1)
Part of speech མིང་ཚིག
Definition བྱ་རྒོད་ལས་ཅུང་ཟད་ཆུང་བ། མཇུག་སྒྲོའི་དཀྱིལ་ཅུང་རིང་ལ་མཐའ་ཅུང་ཐུང་། མགོ་སྤུ་ལོ་ཚོད་ལྟར་ནག་པོ་ནས་རིམ་གྱི་སེར་བོ་དང་དཀར་པོར་འགྱུར་བ། ཤི་རོ་ཟ་ཞིང་། ཕོ་བ་སྟོབས་ཆེ་བས། རུས་པ་དང་རྡོ་དཀར་གོང་ཟས་སུ་ཟ་བའི་བྱ་ཞིག་གོ །གོ་བོའི་ཀླད་པས་རྣག་སྐེམ་ཤ་ཡིས་ལྦ་བ་འཇིག སྒྲོ་སྤུ་གཞོབས་པས་གདོན་འཇོམས་ཆུ་སེར་སྐེམ་པར་བྱེད། ཕོ་བས་མེ་དྲོད་དང་འཇུ་སྟོབས་སྐྱེད། ཁྱད་པར་ཕོ་ལོང་རྒྱུ་མ་སོགས་ཀྱི་སྐྲན་ལ་མཆོག འདི་ལ་ཡུལ་སྐད་དུ་མཁའ་ལྡིང་མགོ་དཀར་ཡང་ཟེར།

{{#arraymap:གོ་བོ་གླག་གག་

|; |@@@ | | }}