14383
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གོ་མ་ཆོད་པའི་མི་གསུམ་ནི། བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པའི་སློབ་མ་གྲགས་ཆེ་བའི་ཡ་གྱལ་ཏེ། འགོ་བྱ་ཚ་དང་། མིག་ཆུང་དབང་སེང་དང་། འགོས་ཆུང་དབང་ངེ་བཅས་གསུམ་མོ། །འདི་གསུམ་པོར་གོ་མ་ཆོད་པའི་མི་གསུམ་ཞེས་ཐོགས་པའི་རྒྱུ་མཚན་ཡང་། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། གོ་མ་ཆོད་པའི་མི་གསུམ་གྱིས་བསྟན་པ་མ་འཁྱོངས་ཏེ། འགོ་བྱ་ཚས་ཐབས་ཀྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩར་སོང་། མིག་ཆུང་དབང་སེང་ན་རེ། དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང་། འགོས་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤང་དཀར་དར་ཆུང་བའི་རྩར་སོང་། དེ་དག་ནི་གསང་བ་སྙིང་པོ་ལ་ལམ་ཐབས་གྲོལ་གཉིས་ཀ་ཡོད་དེ། མ་རྒྱུད་ཀྱི་མཚན་ཉིད་མ་ཕྱེད། དཀྱིལ་འཁོར་རང་ས་ནས་ཐོན་པ་ལ་མིག་ལྟག་ཁུང་དུ་འཆུས། ཚད་མ་ཚིག་གི་གྲུབ་མཐའ་ཡིན་ཏེ། གཞི་ལམ་ཐོག་ཏུ་མི་ཕེབས་པ་མ་གོ རྒྱུ་དེས་གོ་མ་ཆོད་མི་གསུམ་གྱིས་བཤད་གྲྭ་མ་འཁྱོངས། ཞེས་གསུངས། |
Domain | ལོ་རྒྱུས། |
{{#arraymap:གོ་མ་ཆོད་པའི་མི་གསུམ་
|; |@@@ | | }}