14393
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གསོ་སྦྱོང་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་ཁས་ལེན་པ་གོ་མིའི་དགེ་བསྙེན་ཏེ། འདི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ལས་མ་བཤད་ནའང་། འཕགས་པ་གནས་བརྟན་པའི་སྡེ་པའི་ལུགས་སུ་དབྱིག་གཉེན་བཞེད་དེ། གོ་མིའི་དགེ་བསྙེན་ཞེས་བྱ་བ་འདི་ནི་འཕགས་པ་གནས་བརྟན་པའི་མན་ངག་བརྒྱུད་པ་ལས་ཐོས་ཀྱི། བདེ་བར་གཤེགས་པས་གསུངས་པ་ནི་མ་མཐོང་ངོ་། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཐེག་ཆེན་གྱི་སྡེ་སྣོད་ལས་གསུངས་ཏེ། རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླངས་པར་དཀོན་བརྩེགས་ལས་བཤད་པའི་ཕྱིར་རོ། ། |
Domain | ཆོས་ལུགས། |
{{#arraymap:གོ་མི་དགེ་བསྙེན་
|; |@@@ | | }}