14438
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྲ་རྩིའི་རྒྱུ་བསེ་ཤིང་གི་ཁུ་བའི་མིང་། |
{{#arraymap:གོ་ལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལེགས་སྦྱར་གྱི་སྐད་དུ་གུ་རུ་ལྕི་བ་དང༌། ལ་གྷ་མ་ཡང་བའི་དོན་བསྡུས་པའི་གུ་ལ། ཨུའི་ཡོན་ཏན་འཕེལ་བའི་གོ་ལ་སྟེ། གོ་ནི་མཐོ་རིས་སོགས་དང༌། ལ་ནི་ཡང་བ་སོགས་དོན་དུ་མར་འཇུག་པས་མཐོ་བར་གནས་པའི་གཟའ་སྐར་གྱི་རིས་རྣམས་མི་ལྟུང་བར་འཛིན་པས་མཐོ་རིས་འཛིན་དང༌། སྟེང་ཕྱོགས་སུ་ཁྱིམ་དང་ས་ལ་དུས་བཞི་འཁོར་བར་བྱེད་པའི་ལས་ཅན་ཡིན་པས་ཕྱོགས་འཁོར་དང༌། རི་གླིང་རྣམས་ཀྱི་སྟེང་དུ་གདུགས་ཀྱི་རྣམ་པས་གནས་པས་ཟླུམ་པོ་དང༌། ལྷུན་པོའི་སྟེང་དུ་མཐོ་ལ་མེ་དཀྱིལ་ཐད་ཀར་དམའ་བས་སྒང་གཤོང་དང༌། འདེགས་བྱེད་རླུང་སྟོབས་ལྗིད་ཆེ་ཞིང་འཕུལ་བྱེད་རླུང་སྟོབས་ཀྱི་ནུས་པ་ཡང་བས་ལྕི་ཡང་ཞེས་ཀྱང་བྱའོ། །དེ་ལ་ནམ་མཁའི་གོ་ལ་དང༌། སྐར་ཁྱིམ་དུ་རྒྱུ་བའི་ཉི་ཟླའི་གོ་ལ། སའི་གོ་ལ་སོགས་ཡོད་དོ། ། |
Foreign | རྒྱ་གར། |
{{#arraymap:གོ་ལ་
|; |@@@ | | }}