14476
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་དབྱིབས་ལ་སྡོང་པོ་ཕྲ་ཞིང་ཁྲུ་གང་ཙམ་པ། མདོག་ཅུང་ཟད་སྨུག་ཅིང་སྟོད་ཆར་ཡལ་ག་ཁ་ཤས་གྱེས་པ། གཞི་རྩ་ནས་སྐྱེ་བའི་ལོ་མ་སིབ་ཅིང་སྒྲོ་དབྱིབས་ཀྱི་ངར་པ་ཐུང་ལ་མཐའ་མཉམ་པ། སྡོང་པོར་སྐྱེ་བའི་ལོ་མ་སྐྱེ་རིམ་གཉིས་ལྡན་གྱི་སྒྲོ་དབྱིབས་སིབ་ཅིང་ངར་པ་རིང་བ། མེ་ཏོག་དཀར་ཆུང་འདབ་མ་ལྔ་ལྡན་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། མེ་ཏོག་ཡལ་རྗེས་འབྲས་བུ་ཆུང་ཞིང་མང་ལ་ཅུང་ནར་བ་རྩ་རིས་དཀར་པོ་དོད་པ་ཕན་ཚུན་མགོ་སྦྲེལ་གྱིས་འདོགས་པ་བཅས། བོད་ཀྱི་ས་ཁུལ་མང་པོའི་ན་གཤོངས་དང༌། ན་སྤང་གི་ཆུ་ཡུར་འགྲམ་སོགས་སུ་སྐྱེ་བ་མང་བ་དང༌། བོད་ཟླ་བདུན་པའི་ནང་འབྲས་བུ་བཏུས་ཏེ། གཙང་མ་བཟོས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་ལ་སྣུམ་པས་རླུང་ཚད་ལྡན་པའི་ནད་དང༌། དུག་ནད། སྐྱ་འགྲིབ། སྙིང་ཚད་སོགས་ལ་ཕན་པ་ཡིན། |