14499

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོང་དུ་འཕོ་བ་ (1)
Part of speech མིང་ཚིག
Definition མདོ། གཟུགས་སུ་ཉེ་བར་འགྲོ་བ་ལྔའི་ནང་གསེས། གཟུགས་ཁམས་སུ་དང་པོར་སྐྱེས་པའི་རྟེན་ལ་མྱང་འདས་མི་འཐོབ་པར་གོང་དུ་འཕོས་ཏེ་འདའ་བའོ། །དེ་ཡང་ཚངས་རིས་ལ་སོགས་པ་བསམ་གཏན་དང་པོའི་གནས་གཞན་དག་ཏུ་དགྲ་བཅོམ་མ་ཐོབ་པར་འོད་ཆུང་ལ་སོགས་པ་གོང་དུ་འཕོས་ནས་དགྲ་བཅོམ་ཐོབ་པར་བྱེད་པ་སྟེ། གོང་དུ་འཕོ་བ་ནི་འདིར་ཕྱིར་མི་འོང་ཐོབ་ཀྱང་ལན་གྲངས་གཞན་ལ་མྱོང་འགྱུར་ལས་ཀྱི་མཐུས་བར་དོ་དང་སྐྱེས་ནས་འདའ་བ་མི་ནུས་པའོ། །དེ་ལའང་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་སྟེ་གཉིས་ཡོད་དོ། །
Domain ཆོས་ལུགས།