From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གོང་མ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔར་ཡུལ་ཁམས་རྒྱ་ཆེན་པོ་དང་མི་སྡེ་ཧ་ཅང་མང་པོ་ལ་དབང་སྒྱུར་མཁན་གྱི་རྒྱལ་པོའམ་མངའ་བདག་གི་མིང་སྟེ།
|
| Example
|
གོང་མའི་ཕོ་བྲང། ཕག་གྲུ་གོང་མ། རྒྱ་ནག་གོང་མ་ལྟ་བུ།
|
གོང་མ་ (2)
| Part of speech
|
མིང་ཚིག
|
| Definition
|
གནས་རིམ་མཐོ་བའམ་དུས་སྔ་བའི་བྱ་དངོས་ཀྱི་མིང་སྟེ།
|
| Example
|
བཤད་སྟངས་གོང་མ་དང་འོག་མ་གཉིས་མི་མཐུན། གྲོས་ཚོགས་གོང་མ། ཁམས་གོང་མ། སྐུ་ཕྲེང་གོང་མ་ལྟ་བུ།
|
| Antonyms
|
འོག་མ།
|
གོང་མ་ (3)
| Part of speech
|
མིང་ཚིག
|
| Definition
|
སྙན་གྲགས་ཆེ་བའི་བླ་མར་ཆེ་བ་བརྗོད་ནས་འབོད་སྟངས་ཤིག་སྟེ།
|
| Example
|
ས་སྐྱ་གོང་མ་རྣམ་ལྔ། བོན་གྱི་གོང་མ་ཆེ་དྲུག་ལྟ་བུ།
|
| Type
|
ཞེ་ས།
|