14533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོང་འཕོ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་དབང་རྟུལ་གང་ཞིག གཟུགས་ཀྱི་སྐྱེ་སྲིད་གཉིས་རྒྱུད་བླངས་ཏེ་མྱ་ངན་ལས་འདའ་བའི་རིགས་ཅན་གཉིས་པ་ལ་གོང་འཕོ་འོག་མིན་འགྲོ་དང༌། སྲིད་རྩེ་མཐར་ཐུག་འགྲོ་གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། མཛོད་ལས། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །བསམ་གཏན་སྤེལ་ན་འོག་མིན་འགྲོ། ཞེས་གསུངས་པ་ལྟར། །འདོད་པའི་རྟེན་ལ་གཟུགས་མེད་ཀྱི་ཞི་གནས་གཙོ་བོར་བསྒོམ་པ་དང་བསམ་གཏན་བཞི་པ་སྤེལ་མར་བསྒོམ་པའི་དབང་གིས་ཡིན་ནོ། །
Domain ཆོས་ལུགས།