14538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོང་ཡུ་ངག་དབང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་འབྲུག་ལོ་ཕྱི་ལོ་ ༡༦༨༨ ལོར་ཨ་མདོའི་གཅན་ཚའི་གོང་ཡུར་འཁྲུངས། བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས། དབུ་ཕར་གཉིས་ལ་སྦྱངས། དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་བཀའ་པོད་ལྔ་ལ་དཔྱིས་ཕྱིན་པར་སྦྱངས། གླིང་བསྲེའི་མཚན་བཏགས་བཞེས། རང་ཡུལ་དུ་ཕེབས། གཞིས་དགོན་དཀར་པོ་གདོང་དུ་བཞུགས། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་ཏོ་གེ་ཨམྦྷན་གྱིས་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བསྐོས། དཔལ་ལྡན་ཡོན་ཚོགས་མའི་དབྱངས་རྟ་གཏོང་བ་དང་། རྒྱན་འཇུག་མཚན་གསུམ་རྒྱུགས་ལེན་པའི་སྲོལ་ལེགས་པར་བཙུགས། འདུ་ཁང་གི་ཡོ་སྲོང་བ་དང་། རྒྱ་མཐོངས་སྔར་ལས་ཇེ་རྒྱས་སུ་བཏང། ཐུན་བཞི་ཆགས་མེད་ཀྱིས་ཕྱག་ཕྲེང་བཅུ་གསུམ་ལ་གྲངས་གསོག་གི་ཞལ་འདོན་མཛད། དོན་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སོ་བཞི་པ་ཡིན།